e-texts navigator
Collection
Volume
Page
Wylie

213b1 སོགས་པ་འཐོབ། ། སུ་དག་འཇིག་རྟེན་བླ་མས་གསུངས་པ་ཡི།། དམ་ཆོས་ཚུལ་བཟང་ཐོས་ནས་ཉམས་སུ་ལེན།། དེ་དག་ཉོན་མོངས་ཆུ་རླབས་རབ་འཇིགས་པའི།། སྲིད་པའི་རྒྱ་མཚོ་མྱུར་དུ་རྒལ་བར་འགྱུར།། རྒྱལ་པོ་དག་པའི་ལས་འདི
213b2 ཐམས་ཅད་ནི། ། འཁོར་བའི་བདེ་བ་སྣ་ཚོགས་སྨིན་གྱུར་ནས།། སངས་རྒྱས་ཀྱི་ནི་བྱང་ཆུབ་དམ་པ་ཡི།། འབྲས་བུ་བདེ་བླག་ཁོ་ནར་ཐོབ་པར་འགྱུར།། དེ་ནས་རྒྱལ་པོ་དགའ་མདངས་ལྡན་པ་ཡིས།། དྲང་སྲོང་དགེ་འདུན་བསྐོར་བ་བྱས།
213b3 ནས་ཀྱང་།། ཐུབ་དབང་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།། རྒྱལ་པོ་རྒྱལ་བྱེད་ཚལ་ནས་བྱུང་བར་འགྱུར།། གསལ་རྒྱལ་གྱི་ཚིགས་སུ་བཅད་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཨེ་ཀ་བཱ་ཐཱ་། བོད་སྐད་དུ། ཚིགས་སུ་བཅད་པ་གཅིག
213b4 པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སློང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད།། འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན་ལྷའི་ཕོ་བྲང
213b5 གནས་མཆོག་དག་ནའང་ཡོད་མིན་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། ། རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་དུ་ཡུལ་ཅིག་ག་ལ་ཡོད།། ཚིགས་སུ་བཅད་པ་གཅིག་པ་རྫོགས་སྷོ།། །
213b6 @།། རྒྱ་གར་སྐད་དུ། ཙ་ཏུར་གཱ་ཐཱ། བོད་སྐད་དུ། ཚིགས་སུ་བཅད་པ་བཞི་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། སྐུར་གྱུར་པ་ནི་ཐམས་ཅད་ལ།། མཚན་མཆོག་སུམ་བཅུ་གཉིས་མངའ་བ།། རྫོགས་པའི་སངས་རྒྱས
213b7 གྲགས་ལྡན་པའི། ། རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ།། རྫོགས་སངས་གང་དུ་བལྟམ་པ་དང་།། གང་དུ་བྱང་ཆུབ་ལ་རེག་དང་།། ཞི་བའི་འཁོར་ལོ་བསྐོར་བ་དང་།། ཟག་མེད་མྱ་ངན་འདས་པ་དང་།། བདེ་གཤེགས་གང་དུ་བཞུགས་པ་དང་།
213b8 འཆག་པ་དང་ནི་བཞེངས་པ་དང་། སེང་གེ་ལྟ་བུར་གཟིམས་པ་ཡིན།། གནས་དེ་ལ་ནི་བདག་ཕྱག་འཚལ།། སྟང་དང་འོག་དང་བར་དག་དང་།། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་།། སྐུ་བཅས་སྐུ་ནི་མེད་པ་ཡི།། མཆོད་རྟེན་ལ




iiif viewer powered by OpenSeadragon

213a - 214a

Texts on this page

Q988 - gsal rgyal gyi tshigs su bcad pa
Q989 - tshigs su bcad pa gcig pa
Q990 - tshigs su bcad pa bzhi ba