e-texts navigator
Collection
Volume
Page
Wylie

180a1 མདོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དམར་བུ་ཅན་གྱི་གྲོང་ཁྱེར་དང་རྒྱལ་པོའི་ཁབ་ཀྱི་བར་གྱི་དབུས་ན་རྒྱལ་པོའི་གན
180a2 འོད་མའི་དབྱུག་པ་ཅན་ན་ནུབ་མོ་ཉེ་བར་རྟེན་ཅིང་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་དང་ཁྱེད་ཅག་ཁེ་ནས་འཕགས
180a3 པའི་བདེན་པ་བཞི་པོ་དེ་དག་མ་ཤེས་མ་མཐོང་། ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ།། བཞི་པ་དེ་གང་ཞེ་ན། ང་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ་འཕགས་པའི་བདེན་པ་མ་ཤེས་མ་མཐོང
180a4 ཁོད་དུ་མ་ཆུད་སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་འགྱུར་ཏོ། ། ང་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་མ་ཤེས་མ་མཐོང་།། ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས་ལམ་རིང་པོ
180a5 འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ། ། ད་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ་འགོག་པའི་བདེན་པ་མ་ཤེས་མ་མཐོང་། ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ།། ང་དང་ཁྱེད་ཅག་ཁོ་ནས་སྡུག
180a6 བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་མ་ཤེས་མ་མཐོང་། ། ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ།། དགེ་སློང་དག་ངས་སྡུག་བསྔལ་འཕགས་པའི་བདེན་པ་རྗེས་སུ
180a7 རྟོགས་ཤིང་སོ་སོར་རྟོགས་ཏེ་སྲིད་པའི་སྲེད་པ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ་དེ་ནི་སྲིད་པ་གཞན་མེད་དོ། ། ངས་སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་ཏེ། སྲིད་པའི་སྲེད་པ་དེ་བཅང
180a8 པས་འཁོར་བའི་སྐྱེ་བ་ཟད་དེ། ད་ནི་སྲིད་པ་གཞན་མེད་དོ།། ངས་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་ཏེ། སྲིད་པའི་སྲེད་པ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ། ད་ནི




iiif viewer powered by OpenSeadragon

179b - 180b

Texts on this page

Q982 - 'phags pa bden pa bzhi'i mdo