| | e-texts navigator
|
179b1 ངག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་སློབ་དཔོན་དང་འདྲ་བ་ཡིན་པའི་ཕྱིར་རོ། ། དགེ་སློང་དག་ཁྱིམ་གང་དག་ན་པ་མ་གཉིས་ལ་ལགས་པར་རི་མོར་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག
179b2 བྱེད་པའི་ཁྱིམ་དེ་དག་ནི་ཀུན་དུ་སྦྱིན་པའི་འོས་སུ་གྱུར་པ་དང་ལྡན་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཀུན་དུ་སྦྱིན་པའི་འོས་སུ་གྱུར་པ་ཡིན་པའི་ཕྱིར་རོ།། དགེ་སློང་དག་ཁྱིམ
179b3 གང་དགན་པ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་མི་དང་ལྡན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི
179b4 སྒོ་ནས་མི་དང་འདྲ་བའི་ཕྱིར་རོ། ། དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱང་བའི་ཁྱིམ་དེ་དག་ནི་ལྷ་དང་ལྡན་པ་ཡིན་ནོ།། དགེ་སློང་དག
179b5 རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ལྷ་དང་འདྲ་བའི་ཕྱིར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། །
179b6 ཕ་མ་གཉིས་ནི་ཚངས་པ་སྟེ།། དེ་བཞིན་དང་པོ་སློབ་དཔོན་ཡིན།། བུ་ཡི་ཀུན་སྦྱིན་འོས་གྱུར་པ།། མི་ཡང་ཡིན་ལ་ལྷ་ཡང་ཡིན།། དེ་ཕྱིར་དེ་གཉིས་ཕྱག་གི་གནས།། དྲིལ་བུ་དང་ནི་ཁྲུས་རྣམས་དང་།། རྐང་པ་དག་ཀྱང་བསྐུ་བ་དང་། ཡང་ན
179b7 ཟས་དང་སྐོམ་རྣམས་དང་། གོས་དང་མལ་ཆ་སྟན་རྣམས་ཀྱིས།། མཁས་པ་དག་གིས་བཀུར་སྟི་བྱ།། ཕ་མ་དག་ལ་བཀུར་བྱས་པ། དེས་ན་མཁས་པ་དེ་དག་ནི།། འདིར་ཡང་སྨད་པ་མེད་འགྱུར་ལ།། ཤི་ནའང་མཐོ་རིས་འགྲོ་བར་འགྱུར།། བཅོམ
179b8 ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཕ་མའི་མདོ་རྫོགས་སྷོ།། རྒྱ་གར་སྐད་དུ། ཨརྱ་ཙ་ཏུ་སཏྱ་སཱུ་དྲ། བོད་སྐད་དུ། འཕགས་པ་བདེན་པ་བཞིའི
iiif viewer powered by OpenSeadragon
179a - 180a