e-texts navigator
Collection
Volume
Page
Wylie

170b1 ཅད་དང་། འཐུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་གཞི་འདི་དག་ནི་གྲུབ་པའོ།། ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ།། གང་ལ་སེར་སྣ་རྣམས་ཆགས་པ།། རྣམ་བཅོམ་དྲི་མ་མེད་མཛད་ཅིང་། ཐུགས་ནི་གནོད་པར་མི
170b2 མཛདདེ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། འདྲེན་པ་གང་ཞིག་འགྲོ་བ་རྣམས། ཐར་པའི་ལམ་དུ་མཛུད་མཛད་ཅིང་། ཆོས་རྣམས་ཐམས་ཅད་སྟོན་པདེ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། སོན་པཅུག་པ
170b3 རྣམས་ཀྱི་རྟེན། ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། གང་གིས་བདེ་བ་མངའ་མཛད་དེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། སྐྱོབ་པ་གང་ཞིག་བྱམས་པ་ཡིན། ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། བུ་གཅིག་བཞིན་དུ་རྟག
170b4 བསྐྱངས་ཏེ། ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་འཁོར་བར་འཁོར་བ་ཡི། སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་།། གླིང་དང་དཔུང་གཉེན་གྱུར་པ་དེ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། གང་ཞིག་ཆོས་ཀུན་མངོན་སུམ
170b5 གྱུར། ། གཙང་ཞིང་སླུ་བ་མི་མངའ་ལ།། གསུང་གཙང་གཙང་མར་མཛད་པ་དེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། དཔའ་བོ་ཆེན་པོ་གང་སྐྱེས་པས།། ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། དོན་གྲུབ་ཚོགས་ཀྱང
170b6 གྲུབ་པ་དེ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་སྐྱེས་པས་ས་རྣམས་ནི།། ནགས་ཚལ་བཅས་པར་རབ་གཡོས་ཤིང་།། སེམས་ཅན་ཐམས་ཅད་རབ་དགའ་དེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།།
170b7 བྱང་ཆུབ་སྙིང་པོར་གང་ཞིག་གིས།། ས་དག་རྣམ་དྲུག་གཡོས་གྱུར་ཅིང་།། བདུད་ཡིད་མི་བདེར་གྱུར་པ་དེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། ཆོས་ཀྱི་འཁོར་ལོ་བསྐོར་བ་ན།། འཕགས་པའི་བདེན་པ་རྣམ་གསུངས་པ། ཐུབ་པའི
170b8 སྙན་པ་གང་བྱུང་དེ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། ཆོས་ཀུན་དབང་དུ་མཛད་པ་དེ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། སངས་རྒྱས




iiif viewer powered by OpenSeadragon

170a - 171a

Texts on this page

Q978 - 'phags pa yangs pa'i grong khyer du 'jug pa'i mdo chen po