e-texts navigator
Collection
Volume
Page
Wylie

169a1 ནགས་ཚལ་བཅས་པར་རབ་གཡོས་ཤིང་། སེམས་ཅན་ཐམས་ཅདད་བ་དགའ་དེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། བྱང་ཆུབ་སྙིང་པོར་གང་ཞིག་གིས། ས་དག་རྣམ་དྲུག་གཡོས་གྱུར་ཅིང་། བདུད
169a2 ཡིད་མི་བདེར་གྱུར་པ་དེ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། ཆོས་ཀྱི་འཁོར་ལོ་བཀོར་བ་ན། འཕགས་པའི་བདེན་པ་རྣམས་གསུངས་པ། ཐབ་པའི་སྙན་པ་གང་བྱུད་དེ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། ཡིད།
169a3 འཕྲོག་གང་གིས་མུ་སྟེགས་བྱེད། ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། ཚོགས་ཀུན་དབང་དུ་མཛད་པ་དེ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད།། བརྒྱ་བྱིན་ལྷར་བཅས་བདེ
169a4 ལེགས་དང་། ། འབྱུང་པོ་ཀུན་གྱིས་བདེ་ལེགས་ནི། ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག། སངས་རྒྱས་བསོད་ནམས་མཐུ་དག་དང་།། ལྷ་རྣམས་ཀྱིས་ནི་བསམས་པ་ཡིས།། ཁྱེད་རྣམས་དོན་འདོད་གང་ཡིན་པ།། དོན་དེ་དེ་རིང་གྲུབ་གྱུར་ཅིག།
169a5 རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག། རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག། ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག། ཕྱིར་འོད་དག་ཀྱང་བདེ་ལེགས་ཤོག། ཉིན་མོ་བདེ་ལེགས་མཚན་བདེ་ལེགས།། ཉི་མའི་གུང་ལའང་བདེ།།
169a6 ལེགས་ཤིང་།། ཁྱེད་ཅག་ཀུན་དུ་བདེ་ལེགས་ཤོག། ཁྱེད་ཅག་སྡིག་པར་མ་གྱུར་ཅིག། སངས་རྒྱས་ལྷ་རྣམས་སྟོང་དག་གིས། ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས།། སྔར་སེམས་ལྡན་པ་རྣམས་བྱེད་ཅིང་།། སྙིང་རྗེའི་བདག་ཉིད
169a7 ཅན་རྣམས་འཁོར། ། སངས་རྒྱས་རང་སངས་རྒྱས་རྣམས་དང་།། དགྲ་བཅོམ་སློབ་པའི་བདེན་ཚིག་གིས། འཇིག་རྟེན་མི་ཕན་བྱེད་པ་རྣམས། གྲོང་ཁྱེར་འདི་ནི་གཏོར་གྱུར་ཅིག། སེམས་ཅན་ཀུན་དང་སྲེག་ཆགས་ཀུན། འབྱུང་པོ་ཀུན་དང
169a8 ཁྱེད་ཅག་ཀུན། བདེ་བ་འབའ་ཞིག་ལྡན་གྱུར་ཅིག། ཐམས་ཅད་ནད་རྣམས་མེད་པར་ཤོག། ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག། གང་ཡང་སྡིག་པར་མ་གྱུར་ཅིག། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཅིང་། ས་དང་བར་སྣང་དག་ལ་གན




iiif viewer powered by OpenSeadragon

168b - 169b

Texts on this page

Q978 - 'phags pa yangs pa'i grong khyer du 'jug pa'i mdo chen po