| | e-texts navigator
|
168b1 xxx། xxx
168b2 ནིར་གད་ཙཏ། རི་བ། རི་པྲ། ནིར་གད་ཙ་ཏ། བ་ལཱ་ཡཱ་ཏ། རི་པཱུ་རི་པཱུ། བ་ལཱ་ཡཱ་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ་དང་ལྡན་པ། བྱམས་པ་ལ་གནས་པ། ཐུགས།
168b3 རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཀྱིས། ཀྵི་ཕྲན་ནིར་གད་ཚ་ཏ་སཱཧཱ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཆོག་དང་། ཆོས་ཉིད་ཀྱིས་ལྷ་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་བའི
168b4 གསང་སྔགས་ཀྱི་གཞི་འདི་དག་ནི་འགྲུབ་བོ། ། ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ།། གང་ལ་སེར་སྣ་རྣམ་ཆགས་པ། རྣམ་བཅོམ་དྲི་མ་མེད་མཛད་ཅིང་། ཐུགས་ཞི་གནོད་པ་མི་མངའད།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།
168b5 འདྲེན་པ་གང་ཞིག་འགྲོ་བ་རྣམས། ཐར་པའི་ལམ་དུ་འཛུད་མཛད་ཅིང་།། ཆོས་རྣམས་ཐམས་ཅད་སྟོན་པ་ཏེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། སྟོན་པ་རྟུག་པ་རྣམས་ཀྱི་རྟེན། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། གང་གིས་བདེན
168b6 པ་མདའ་མཛད་དེ། བྱེད་ལ་བདེ་ལེགས་མཛད་པར་འགྱུར།། སྐྱོབ་པ་གང་ཞིག་བྱམས་པ་ཡི། ཐུགས་ཀྱི་འགྲོ་བ་འདི་དག་ཀུན།། བུ་གཅིག་བཞིན་དུ་རྟག་བསྐྱངས་དེ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཤིག་འཁོར་བར
168b7 འཁོར་བ་ཡ། སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། གླིང་དང་དཔུང་གཉེན་གྱུར་པདེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་ཆོས་ཀུན་མངོན་སུམ་གྱུར། གཙང་ཞིང་སླུབ་མི་མངའ་ལ། གསུམ་གཙང་གཙང་མར་མཛད
168b8 ང་དེ། ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། དཔའ་བོ་ཆེན་པོ་གང་སྐྱེས་པས།། ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་།། དོན་གྲུབ་ཚོགས་ཀྱང་གྲུབ་པ་དེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་སྐྱེས་པས་ས་རྣམས་ནི།།
iiif viewer powered by OpenSeadragon
168a - 169a