| | e-texts navigator
|
167b1 པ་ལ་མངོན་པ་ག་ང་། དུགས་བཅུགཅག་བསྟན་པ་པཅོམ་ལྡན་འདས་ཀྱིན་ལ་ཆེསས། རྫོགས་སྷོ།། ། རྟག་ཀཱང་དྲ། ཨརྱ་བ~ཾ། ཁྲི་བྷེ་ག་མ་ཧཱ་སཱུ་ཏྲ། བདག་དུ།། འཕགས་པ་ཡངས་པའི་གྲོང་བྱ
167b2 འཇུག་པའི་མངོ་ཆེན་པོ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འདམ་བུའི་ཁྲོད་ན་གཟིངས་པའི་འདུག་གནས་ན་བཞུགས
167b3 ཏེ། དེ་ནས་བཅོམ་ལྡན་འདས་ཀྱིསཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པའི་གྲོང་ཁྱེར་ག་ལ་བ་དེར་འདོད་དེ།། བཙུན་པ་དེ་ལྟར་བགྱིའོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན
167b4 འདས་ཀྱི་ལྟར་ཉན་ཏོ། ། དེ་ནས་བཅོམ་ལྡན་འདས་ཡུལ་བྲི་ཛིར་རྒྱུ་ཞིང་གཤེགས་ཏེ། ཡངས་པའི་གྲོང་ཁྱེར་དུ་བྱོན་ནས་ཡངས་པའི་གྲོང་ཁྱེར་གྱི་ཨ་མྲ་སྲུང་བའི་ཚལ་ན་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ
167b5 བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པའི་གྲོང་ཁྱེར་དུ་སོང་ལ་ཕྱིན་ནས་སྒོའི་ཐེམ་པ་ལ་རྐང་པ་ཞོག་སྟེ། གསང་སྔགས་ཀྱི་གཞི་འདི་དག་དང་། ཚིག་སུ་བཅད་པ་འདི་དག་སྨྲོས་ཤིག། བི་སར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་སར་ཏ།
167b6 སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ།། སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ། རང་སངས་རྒྱས་ཀྱིས་བསམས་པ། དགྲ་བཅོམ་པ་ཐམས་ཅད་ཀྱིས་བསམས་པ། སློབ་པ་ཐམས་ཅད་ཀྱིས་བསམས་བཉན་ཐོས
167b7 ཐམས་ཅད་ཀྱིས་བསམས་པ། བདེན་པའི་ཚིག་དང་ལྡན་པ་ཐམས་ཅད་ཀྱིས་བསམས་པ། ཆོས་ཀྱིས་བསམས་པ། ཚངས་པས་བསམས་པ། ཚངས་པ་སོ་སོས་བསམས་པ། འདོད་པའི་དབང་ཕྱུག་གིས་བསམས་པ། དབང་པོས་བསས།
167b8 བཟླས་པསམས་གཞམ་ཡིན་ཀྱི་དང་མ་བ་ས་ག་ལྷ་མ་ཡིན་ཐམས་ཅད་ཀྱིས་བསམས་པ། ལྷ་མ་ཡིན་གྱི་མངག་གཟུགས་པས་བསམས་པ། འབྱུང་པོ་ཐམས་ཅད་ཀྱིས་བསམས་པ། བི་ས་ར་ཏ། བི་ས་ར་ཏ། བི་སར་ཏ། བི་ས་ར་ཏ། སངས་རྒྱས
iiif viewer powered by OpenSeadragon
167a - 168a