| | e-texts navigator
|
162a1 ནང་དུ་བཅུག་ནས་འབྲས་ཀྱི་ཕུར་མ་གླང་པོ་ཆེའི་ཁལ་ལོངས་པ་ཅིག་དང་། ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཅོམ་ལྡན་འདས
162a2 ཀ་ཡིས་སངས་རྒྱས་ཀྱི་སྤྱན་གྱིས་ཐམས་ཅད་གཟིགས་ན་འབྲས་ཀྱི་ཕུར་མ་འདི་དག་མི་དབྱེ་བར་ཤཱཀྱ་གང་གང་གི་འབྲས་གང་གང་ལགས་པ་མཁྱེན་པར་མཛོད་ཅིག་ཅེས་གསོལ་ནས་གླང་པོ་ཆེའི་ཁལ་གྱི་འབྲས་ཀྱི་ཕུར་མ་རྣམས
162a3 དྲུང་དུ་བཞག་པ་ལས། ། བཅོམ་ལྡན་འདས་ཀྱིས་འབྲས་ཀྱི་ཕུར་མ་རེ་རེ་བླངས་ཤིང་འདི་ཤཱཀྱ་དགའ་བྱེད་ཀྱིའོ།། འདི་ཤཱཀྱ་ཀ་ཡའིའོ།། འདི་ཤཱཀྱ་འདོད་སྲེད་ཀྱིའོ།། ཞེས་བྱ་བ་ལ་སོགས་པ་འབྲས་ཕུར་མ་རེ་རེ་ལ་ཤཱཀྱ་འདིའིའོ།
162a4 ཞེས་མ་ནོར་བར་རིམ་པར་རྫོགས་པར་གསུངས་པ་ལས། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་སྤྱན་གྱིས་ཐམས་ཅད་གཟིགས་པ་ལ་ཤཱཀྱ་མིང་ཆེན་ལ་སོགས་པ་ཐམས་ཅད་ཡིད་ཆེས་ཏེ། བཅོམ་ལྡན་འདས
162a5 ཀྱིས་ཚེ་འཕོས་པ་ཅིར་འགྱུར་པ་བཤད་པ་ནི་དེས་སོ་སྙམ་ནས། བཅོམ་ལྡན་འདས་ལ་བསྟོད་པ། སངས་རྒྱས་སྤྱན་གྱིས་ཐམས་ཅད་གཟིགས།། འཇིག་རྟེན་པ་ལྟར་བརྫུན་མི་མདའ།། ཤཱཀྱའི་གྲོང་ཁྱེར་ཇི་སྙེད་པའི།། འབྲས།
162a6 ཀྱི་ཕུར་མ་མ་ནོར་མཁྱེན།། སེམས་ཅན་ཚེ་འཕོས་ཕ་རོལ་ན།། ཇི་ལྟར་སྣང་བ་འཇིག་རྟེན་བརྫུན།། བཅོམ་ལྡན་འདས་ཀྱིས་གསུངས་པ་མང་།། ཀུན་གཟིགས་ཁྱོད་ལ་ཕྱག་འཚལ་བརྟོད།། ཅེས་བསྟོད་ནས་སྤོབས་པ་མེད་དེ
162a7 མི་སྨྲ་བར་འདུག་གོ། དེ་ནས་ཡབ་རྒྱལ་པོ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་གང་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་མི་དགེ་བ་དག་བགྱིས་པས་དེའི་རྣམ་པར་སྨིན་པ་མི་བཟད
162a8 བ་མྱོང་བར་འགྱུར་བ་དག་གིས་ཇི་ལྟར་བགྱིས་ན་བདེ་བ་ཐོབ་པར་འགྱུར་བ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་གང་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་མི
iiif viewer powered by OpenSeadragon
161b - 162b