e-texts navigator
Collection
Volume
Page
Wylie

160a1 ནི་མ་ཡིན་ན་བཟའ་བ་དང་བཏུང་བ་ཉུང་ངུ་དེ་བསྐལ་པ་མཐའི་བར་དུ་མི་ཟད་པ་དེའི་རིགས་སམ། ཀྱེ་རྒྱལ་པོ་ཆེན་པོ་ཚམ་འཕོས་པའི་ཕ་སྤང་དང་། སྤུན་གཅིག་ལ་གཅིག་འབྲེལ་བར་འཛིན་པ་ཕན་པར་འདོད་པ།།
160a2 རྣམས་ད་ལྟར་མ་ཤི་བ་ལུས་དང་ལྡན་པ་ཡང་གཅིག་ཡུལ་གཞན་དུ་སོང་ན་དེ་ལ་ཕ་མའམ། བུ་འམ། སྤུན་གང་ཡང་རུང་བས་ཟས་སྐོམ་མང་པོར་སྦྱིན་ནོ་གསོལ་ལོ་ཞེས་བསྔོས་པ་ཡང་ཡུལ་གཞན་ཏུ་སོང་བའི་རྨི་ལམ་དུ་ཡང་མི་འབྱུང་ན་དངོས
160a3 བོར་བ་ཞིང་འཐུང་བལྟ་ག་ལ་ཡོད། ཚེ་འཕོས་ནས་ལུས་དང་བྲལ་བ་ལ་བསྔོས་ཤིང་གཏང་བ་བཞིང་འཐུང་བ་ལྟ་ག་ལ་ཡོད། ཀྱེ་རྒྱལ་པོ་ཆེན་པོ་ཆེ་འཕྲོས་ནས་སེམས་ལུས་དང་བྲལ་བ་དེས་བུ་དང་སྤུན་ལ་སོགས་པས་གཏད་པའི་ཟས་དང་།
160a4 སྐོམ་དངོས་པོ་ཅན་འདི་དག་སེམས་དངོས་པོ་མེད་པ་གཟུགས་མེད་པས་ཇི་ལྟར་བདག་པོ་བྱེད་པར་འགྱུར།། དེ་ཅིའི་ཕྱིར་ཞེ་ན། བཟའ་བ་དང་བཅའ་བ་ནི་ལུས་ཡོད་པའི་ཡན་ལག་གི་རྩོལ་བ་ལ་རག་ལུས་ན། སེམས་ལ་ལུས་ཀྱི་ཡན་ལག
160a5 དེའི་རྩོལ་བ་ཡོད་དམ། རྒྱལ་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ལགས་ན་ཚེ་འཕོས་པ་ལ་འདི་ན་ཕན་འདོགས་པའི་བཟའ་བཏུང་དང་། བཞོན་པ་དང་། གོས་དང་། རྒྱན་གཏོང་བ་འདི་དག་ལ་དོན་མ་མཆིས་པ་ལགས
160a6 སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཆེ་འཕོས་བདེས་ལས་གང་སྤྱད་པའི་རྣམ་པར་སྨིན་པས་འགྲོ་བ་རིས་ཐ་དད་པ་གང་དུ་སྐྱེ་བ་ལེན་པ་དེ་ལ་མི་དགེ་བ་དང་མ་འབྲེལ་བའི་བསོད་ནམས་ཀྱི་ཚོགས་སུ
160a7 འགྱུར་བའི་ལས་དགེ་བ་སྣ་ཚོགས་པས་བསྟངས་ན། མཐོ་རིས་དང་ཐར་པར་ཡང་སྐྱེ་ལ། གལ་ཏེ་སྐྱེ་བ་བླངས་པ་ཞིག་ལ་བསོད་ནམས་སུ་འགྱུར་བའི་ལས་དགེ་བ་ཞིག་གིས་བསྟངས་ན་སྐྱེ་བ་བླངས་པ་དེས་ནོར་རྙེད་པ་དང་། ལོ་ལེགས
160a8 པ་དང་། འདོད་པའི་ལོངས་སྤྱོད་འཕེལ་བ་དང་། འགྲོ་བ་གཞན་ཐམས་ཅད་ཀྱིས་མཆོད་ཅིང་བཀུར་བར་འགྱུར་བའི་ཕན་པ་ཡོད་ཀྱི། ཚེ་འཕོས་པ་སྐྱེ་བ་མི་ལེན་པར་གཤིན་གྱི་འཇིག་རྟེན་ཡོད་ནས་བཟའ་བཏུང་དང་། བཞོན།




iiif viewer powered by OpenSeadragon

159b - 160b

Texts on this page

Q974 - tshe 'pho ba ji ltar 'gyur ba zhus pa'i mdo