| | e-texts navigator
|
132b1 ཉེབ་འཁོར་ལ་སགས་པ་དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྙད་དོ།། ། དགེ་སློང་ལ་རབ་ཏུ་གཅེས་པའི་མད་རྫོགས་སྷོ།། @#།། རྒྱ་གར་སྐད་དུ། ཤཱ་ལ་ས་ན་ཡུག་ཏ་ཀ་སྭཱ་ཏྲ།
132b2 བོད་སྐད་དུ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ནི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན
132b3 མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་གཅིག་ཏུ་བཞུགས་ཏེ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག
132b4 ཤེས་པ་ནི་འགྲིག། སྲོག་ནི་ཆོད། ཚེའི་འདུ་བྱེད་ནི་ངེས་པར་འཇོམས་པར་འགྱུར་ན། ཅིའི་ཕྱིར་བརྩོན་འགྲུས་དང་། བརྟུལ་བ་བརྟན་པོས་སྒྲུབ་པར་མི་བྱེད། མིའི་ལུས་ནི་ཤིན་དུ་རྙེད་པར་དཀའ་ན་དེ་ཐོབ་ནས་དེས་རྙེད་པའི་རྒྱལ
132b5 བའི་བསྟན་པ་ལ་རབ་ཏུ་བྱུང་ཡང་རྙེད་ན་ཐར་པའི་དོན་དང་མི་མཐུན་པ་དག་གིས་བསླུས་ཏེ་སྡུག་བསྔལ་བར་གྱུར་ཏ་རེ། སྲོག་དང་བྲལ་ཞིང་ཤི་བ་ནི་བླ་ཡི།། ཚུལ་ཁྲིམས་ཉམས་པ་ནི་དེ་ལྟ་མ་ཡིན་ནོ།། དེ་ཅི
132b6 ཕྱིར་ཞེ་ན། སྲོག་དང་བྲལ་བ་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་འགྱུར་གྱི།། ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སངས་ཏེ་རྣམ་པར་ལྟུང་བ་ཉམས་སུ་མྱོང་བར་འགྱུར་རོ།།
132b7 དཔྱིར་སྟོན་པས་ཚུལ་ཁྲིམས་རབ་བསྔགས་བཤད།། ། ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་ཕྲད།། ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག། ཚུལ་ཁྲིམས་འབྱོར་པ
132b8 དྲི་དང་བྱུག་པ་ཡིན། ། ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས།། ཚུལ་ཁྲིམས་ལྡན་པ་གདུང་བ་སེལ་བའི་ཆུ།། ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད།། ཚུལ་ཁྲིམས་དག་གིས་འགྲོ་བ་དམ་པ་མནོས།། ཇི་ལྟར
iiif viewer powered by OpenSeadragon
132a - 133a