e-texts navigator
Collection
Volume
Page
Wylie

335a1 ཀུན་དགའ་བོ་དེ་བས་ན་རྣམ་གྲངས་ཁོ་ནས་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་རྟེན་འདི་ནི
335a2 ཚངས་པར་སྤྱོད་པའི་རིལ་པོ་དང་། མ་འདྲེས་པ་དང་། ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བ་ཡིན་གྱི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་རྟེན
335a3 འདི་ནི་དེ་ལྟ་མ་ཡིན་ནོ་ཞེས་ཀུན་དགའ་བོ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ
335a4 མངོན་པར་བསྟོད་དོ། ། འཕགས་པ་དགེ་བའི་བཤེས་གཉེན་བསྟེན་པའི་མདོ།། རྡོག་སྷོ།། ཡེ་དྷརྨྨ་ཏུ་པྲ་བྷ་བཱ་ཧེ་ཏྱེནྟེཊྚནྟ་ཐཱ་ག་ཏོ་ཧྱ་བདང་ཏེ་ཅུ་ཡོན་དོདྷ། ཨེ་བནྡྷ་དཱི་མ་ཧཱ་ཤྲ་མ་ཎཿ། དགེའོ།




iiif viewer powered by OpenSeadragon

334b - 335b

Texts on this page

Q966 - 'phags pa dge ba'i bshes gnyen bsten pa'i mdo