| | e-texts navigator
|
334a1 ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་ལྔ་གན་ཌེའི་དུས་ཡིན་ལ། སེར་གྱིས་དམན་པའི་རྐང་པ་གསུམ་ནི་དུས་མ་ཡིན་ནོ།། ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་དྲག་གཎ་ཌེའི་དུས་ཡིན་ལ། སོར་གྱིས
334a2 དམན་པའི་རྐང་པ་བཞི་ནི་དུས་མ་ཡིན་ནོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
334a3 འཕགས་པ་གཎ་ཌེའི་དུས་ཀྱི་མདོ།། རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་དྷི་པ་ཀ་ར་ཤཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས
334a4 གྱིས་བསྒྱུར་བ། ། རྒྱུ་གར་སྐད་དུ། ཨཱརྱཱ། དེ་མི་ཏྲ་ས་པ་ནཾ་སཱུ་ཏྲ། བོད་སྐད་དུ།། འཕགས་པ་དགེ་བའི་བཤེས་གཉེན་བསྟན་པའི་མདོ།
334a5 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཀུ་ཤིན་གྱད་ཀྱི་ཉེན་འཁོར་ཤིང་ས་ལ་ཟུང་གི་ཚལ་ན།
334a6 ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་ཁོ་ནའི་དུས་ཀྱི་ཚེ་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་འདི་ལྟར
334a7 བསླབ་པར་བྱ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་སྟེན་དང་གནས་པར་བྱའི།། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་སྟེན་དང
334a8 གནས་པར་མི་བྱའོ་ཞེས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འདིར་བདག་གཅིག
iiif viewer powered by OpenSeadragon
333b - 334b