e-texts navigator
Collection
Volume
Page
Wylie

324a1 རྒྱག་སྐད་དུ། ཀུམྦ་ར་ཤྭཱན་ཏ་སྭཱ་ཏྲ། བོད་སྐད་དུ། གཞོན་ནུ་དཔེའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོབ་པ་དུས་གཅིག་ན། བཅོམ་སྩ།
324a2 འདས་ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་དང་། མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དགེ་སྦྱོང་གཽ་ཏ།
324a3 མ་ཀོ་ས་ལའི་ལྗོ་ངས་རྒྱུ་ཞིང་གཤེགས་པ་དང་། མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། ཤེས་ལྡན་གཽ་ཏ་མདེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང
324a4 ཆུབ་ཏུ་མངོན་པར་སངས་རྒྱས་པར་བདག་ཉིད་ཞལ་གྱིས་འཆེའོ་ཞེས་ཐོས་སོ། ། ཐོས་ནས་ཀྱང་བཅོམ་ལྡན་འདས་གད་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བ་དང་། ཡང་དག་པར
324a5 མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་གཽ་ཏ་མ་བདག་གིས
324a6 ཤེས་ལྡན་གཽ་ཏ་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་བདག་ཉིད་ཞལ་གྱིས་འཆེའོ་ཞེས་ཐོས་ལགས་ན། གཽ་ཏ་མ་གང་དག་དེ་སྐད་ཅེས་ལུང་བསྟན་པ་དེ་དག་ཇིག་དགེ་སྦྱོང་གཽ་ཏ་མ་ལ་སྐུར
324a7 བ་འདེབས་པ་མ་ལགས་སམ། ཐལ་བར་སྨྲ་བ་མ་ལགས་སམ། ཤེས་ལྡན་གཽ་ཏ་མས་གསུངས་པ་བཞིན་སྨྲ་བ་ལགས་སམ། ཆོས་སྨྲ་བ་ལགས་སམ། ཆོས་དང་འཐུན་པའི་ཆོས་ལུང་སྟོན་པ་ལགས་སམ། ཇི་ག་དེ་དག་གི
324a8 དྲུང་དུ་ཕ་རོལ་པོ་ཆོས་དང་འཐུན་པར་རྩོད་པའི་རྗེས་སུ་རྩོད་པ་མཆིས་ན། སྨོད་པའི་ཆོས་ཀྱི་གནས་སུ་མི་འགྱུར་ལགས་སམ།། རྒྱལ་པོ་ཆེན་པོ་གང་དག་དེ་སྐད་དུ་སྨྲ་བ་དེ་དག་ནི་དེ་སྐད་དུ་ལུང་སྟོན་པ་བདེན་ཏེ། དེ་ལ་སྐུར་བ་འདི།




iiif viewer powered by OpenSeadragon

323b - 324b

Texts on this page

Q962 - gzhon nu dpe'i mdo