| | e-texts navigator
|
323b1 ཤིང་ལྟ་བས་དོང་སྟེ། མགོ་བོས་ཕྱག་འཚལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཇི་ལྟར་ལྷགས་པ་བཞན་དུ་ཐུགས་སུ་ཆུང་ནས་བསམ་པ་དང་། ཕྲ་རྒྱས་དང་། ཁམས
323b2 དང་། རང་བཞིན་རྣམ་པར་མཁྱེན་ཏེ། འཕགས་པའི་བདེན་པ་བཞི་ཡང་དག་པར་རབ་ཏུ་རྟོགས་པར་བྱེད་པའི་ཆོས་བསྟན་པ་དེ་ལྟ་བུ་མཛད་པར་གྱུར་ཏེ། དེ་ཐོས་པ་ཁོ་ན་ལས་ཀུ་ཤིའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ཀྱིས་བཅིག་གས
323b3 ནི་གྲོ་པར་གྱུར་པའི་དགེ་བའི་རྩ་བ་དག་བསྐྱེད་དོ། ། ཁ་ཅིག་གིས་ནི་རྩེ་མོ་དག་བསྐྱེད་དོ།། ཁ་ཅིག་གིས་བཟོད་པ་ཆུད་དང་འབྲིང་དག་བསྐྱེད་དོ།། ཁ་ཅིག་གིས་ནི་བདེན་པ་དང་རྗེས་སུ་འཐུན་པའི་ཆོས་ཀྱི་མཆོག་རྣམས་བསྐྱེད་དོ།། ཁ་ཅིག་གིས།
323b4 ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ།། ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱས་སོ།། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱས་སོ།། ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས
323b5 ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ།། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ཏུ་གྱུར་ཏོ།། ཁ་ཅིག་གིས་ནི་རང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ཏུ་གྱུར་ཏོ།། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར
323b6 རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ཏུ་གྱུར་ཏོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འབྲས་སྲ་མོད་པའི་ཆོས་ཀྱི་འབྲས་བུ་སྟོན་པ་དག་ཡིན་ཏེ། འཁོར་དེ་ལས་གང་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་།
323b7 དགེ་འདུན་ལ་དགའ་བར་རྣམ་པར་གནས་སོ།། འདི་ན་བཅོམ་ལྡན་འདས་ཀྱི་འདུལ་བ་རྣམས་འདུས་པ་ཆེན་པོ་ཐ་མར་བྱུང་བ་ཡིན་ནོ།། དེ་ནས་ཀུ་ཤིའི་གྲོང་ཁྱེར་ནས་སྐྱེས་པའི་ཀྱང་རྣམས་ཡིད་བྱུང་བར་གྱུར་ཅིང་། བཅོམ་ལྡན་འདས་ཀྱི་ནས
323b8 ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་སྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་དོང་ངོ་།། འཕགས་པ་རྡོ་འཕངས་པའི་མདོ།། རྫོགས་སྷོ།།
iiif viewer powered by OpenSeadragon
323a - 324a