e-texts navigator
Collection
Volume
Page
Wylie

322b1 དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་། ཚད་གཟུད་པར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དེ།། གནས།
322b2 འཇོག་གི་རྒྱུད་དག་དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་སྦྱིན་པས་དཔག་ཏུ་མེད་པ་དག་གི་ཕྱིར་རོ།། ཚུལ་ཁྲིམས་ཀྱི་དཔག་ཏུ་མེད་པ་དག་དང་། བཟོད་པས
322b3 དཔག་ཏུ་མེད་པ་དག་དང་། བརྩོན་འགྲུས་ཀྱིས་དཔག་ཏུ་མེད་པ་དག་དང་། བསམ་གཏན་གྱིས་དཔག་ཏུ་མེད་པ་དག་དང་། ཤོས་རབ་ཀྱི་དཔག་ཏུ་མེད་པ་དག་དང་། རྫུ་འཕྲུལ་གྱིས་དཔག་ཏུ་མེད་པ་དག་དང་། རྫུ་འཕྲུལ་གྱི
322b4 འཕྲུལ་གྱིས་དཔག་ཏུ་མེད་པ་དག་དང་། ཀུན་བརྗོད་པས་དཔག་ཏུ་མེད་པ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་དཔག་ཏུ་མེད་པ་དག་དང་། རྗེས་སུ་བསྟན་པས་དཔག་ཏུ་མེད་པ་དག་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས
322b5 དདཔག་ཏུ་མེད་པ་དག་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུག་རྗེ་ཆེན་པོ་དཔག་ཏུ་མེད་པའི་ཕྱིར་ཏེ། གནས་འཇོག་གི་རྒྱུད་དག་དེ་ལྟར་དེ་བཞིན་གཤེགས
322b6 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་དག་གི་ཕྱིར་རོ། ། སེང་གེའི་སྒྲ་ཆེན་པོ་དང་ལྡན་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི
322b7 འཇིག་རྟེན་གྱི་ཁམས་འདི་ལན་གསུམ་དུ་འགུལ། ཀུན་ཏུ་འགུལ། ཀུན་དུ་རབ་ཏུ་འཕྲུལ། གཡོས། ཀུན་དུ་གཡོས། ཀུན་ཏུ་རབ་ཏུ་གཡོས། ལྡེག། ཀུན་ཏུ་འདེག། ཀུན་ཏུ་རབ་ཏུ་ལྡེག།། འཁྲུགས། ཀུན་ཏུ་འཇུགས། ཀུན
322b8 ཏུ་རབ་ཏུ་འཁྲུགས་པར་གྱུར་ཏོ། ། དེ་ནས་འཁོར་གྱི་བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་རང་གི་རིས་ན་གནས་པ་གཉིས་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་འདི་ནི་ཀུ་ཤིའི་གྲོང་ཁྱེརྡ




iiif viewer powered by OpenSeadragon

322a - 323a

Texts on this page

Q961 - 'phags pa rdo 'phangs pa'i mdo