e-texts navigator
Collection
Volume
Page
Wylie

320a1 སྐད་ཐོས་ནས་རྨོངས་པར་གྱུར་ཏེ། ཇི་ལྟར་ཡང་འདུ་ཤེས་ཐོབ་པ་དག་ཏུ་གྱུར་ནས་ས་ལ་འགྲེ་ལྡོག་སྟེ། འདི་ལྟ་སྟེ་ཤིང་གི་སྡོང་དུ་མ་བཞིན་ནོ།། ཁ་ཅིག་ནི་དཔུང་བདག་བསྣོལ་ཏེ་རབ་ཏུ་ངུ་བར་བྱེད་དོ།། 3།
320a2 ཅིག་ནི་སེམས་ཀྱི་སྡུག་བསྔལ་དང་ཀུན་དུ་ལྡན་ཞིང་འཁོད་དོ།། ཁ་ཅིག་ནི་ཆོས་ཉིད་ཁོ་ན་ལ་རྟོན་པར་བྱེད་དེ། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ཡང་དང་པོ་ཉིད་དུ་འདོད་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད
320a3 དུ་འོང་བ་ཐམས་ཅད་ལས་དངོས་པོ་ཐ་དད་པ་དང་། མེད་པར་འབྱུང་བ་དང་། འབྲལ་བ་དང་མི་ལྡན་པ་འབྱུང་བར་འགྱུར་རོ་ཞེས་གསུངས་སོ་སྙམ་མོ།། དེ་ནས་ཀུ་ཤིའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ཐི་བའི་སྐད
320a4 ལྟར་སྙན་ཅིང་འཇེབས་པ་རིང་ཞིང་འཇམ་པའི་དབུགས་ཕྱུང་ནས་འཆི་མ་དག་ཕྱུང་སྟེ། བཅོམ་ལྡན་འདས་ཀྱིས་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་བཅོམ་ལྡན
320a5 འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་རྡོ་ཆེན་པོ་ཡངས་པ་དེའི་ཕྱོགས་གཅིག་ཏུ་བཞུགས་སོ། ། ཀུ་ཤིའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ཀྱང་རྡོ་ཆེན་པོ་ཡངས་པ་དེ་ཉིད་ཀྱི་ཕྱོགས་གཅིག་ཏུ
320a6 འཁོད་དོ། ། དེ་ནས་བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ལ་ཤད་ཀྱིས་སྦྱོང་བ་ལྟར་མཛད་ཅིང་ཀུ་ཤིའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གནས
320a7 འཇོག་གི་རྒྱུད་དག་རྡོ་ཆེན་པོ་ཡངས་པ་འདི་ནི་བསྐལ་པ་དང་པོའི་མི་རྣམས་ཀྱི་རྩོལ་བའི་རྡོར་གྱུར་ཏོ། ། འདི་ལྟར་དེང་སེང་ཡང་དེ་ལ་སོར་མོའི་རྗེས་དག་སྣང་བའི་ཕྱིར་རོ།། གནས་འཛེག་གི་རྒྱུད་དག་དེ་ལྟར་འདུ་བྱེད་ཐམས
320a8 ཅད་ནི་མི་རྟག་པ་དང་། མི་བརྟན་པ། ཡིད་བརྟན་དུ་མི་རུང་བ། རྣམ་པར་འགྱུར་བའི་ཆོས་ཅན་དག་ཡིན་ཏེ། འདུ་བྱེད་ཐམས་ཅད་ཀྱི་བར་གྱི་ཆོག་པ་ཉིད་དོ།། སྐྱོ་བར་བྱས་པའི་རིགས་སོ།། འདོད་ཆགས་དང་བྲལ་བར་བྱ།




iiif viewer powered by OpenSeadragon

319b - 320b

Texts on this page

Q961 - 'phags pa rdo 'phangs pa'i mdo