| | e-texts navigator
|
318a1 བྱ། ཟས་དག་ནི་འདི་ལྟ་བུ་དག་ཅིག་ཟམ།། བདེ་བ་དང་སྡུག་བསྔལ་བ་ནི་འདི་ལྟ་བུ་དག་ཅིག་མྱོང་། ཚེ་འདི་ཙམ་ཞིག་ཏུ་རིང་བར་གྱུར། ཡུན་ནི་འདས་དེ་དག་ཅག་གནས་གནས། ཚེ་དགན་འང་ནམ་དག་ཅིག་ཐུག་དེ་དག་དང་།
318a2 བདག་ཅག་གནས་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་པ་དག་ཏུ་གྱུར། དེ་ནས་ཀྱང་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་པ་དག་ཏུ་གྱུར། དེ་ནས་ཀྱང་ཤི་འཕོས་ནས་ཡང་འདིར་སྐྱེས་པ་དག་ཏུ་གྱུར་ཏོ་ཞེས་རྣམ་པ་དང་བཅས
318a3 ཤིང་ཡུལ་ཕྱོགས་དང་བཅས་ལ། གཞི་ཅི་ལས་གྱུར་པ་དང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེས་སུ་དྲན་པར་མཛད་དོ།། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི
318a4 སངས་རྒྱས་དག་ནི་སྟོབས་བརྒྱད་པ་དེ་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ།།
318a5 གནས་འཇོག་གི་རྒྱུད་དག་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ལྷའི་སྤྱན་རྣམ་པར་དག་པ་མི་ལས་འདས་པས་སེམས་ཅན་ཤི་འཕོ་བ་དག་དང་། སྐྱེ་བ་དག་དང་།
318a6 མདོག་བཟང་པོ་དག་དང་། མདོག་ངན་པ་དག་དང་། དམན་པ་དག་དང་། གྱ་ནོམ་པ་དག་དང་། བདེ་འགྲོར་འགྲོ་བ་དག་ལ་གཟིགས་པར་མཛད་ཅིང་། སེམས་ཅན་ལ་ཇི་ལྟ་བ་བཞིན་དུ་ཉེ་བར་དོད་པ་དག་ལ་སེམས་ཅན་འབྱུང་བ་དེ་དག
318a7 ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་དག་དང་། ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ་དག་དང་། འཕགས་པ་རྣམས་པབ་སྐུར་བ་འདེབས་པ་དག་དང་། ལོག་པར་ལྟ་བ་དག་ཡིན་ཏེ། ལོག་པར་ལྟ་བའི་ལས་དང་། ཆོས་ཡང་དག་པར་ལེན
318a8 པའི་རྒྱུས། དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་ནས་ཤི་ཕན་ཆད་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ།། ཡང་ན་སེམས་ཅན་འཐུང་བ་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་།
iiif viewer powered by OpenSeadragon
317b - 318b