| | e-texts navigator
|
306b1 དག་གིས་ཅི་ཕྱོགས་འདི་ནས་བཏེག་སྟེ་ཕྱོགས་གཅིག་ཤོས་སུ་གཞག་གོ་སྙམ་པ་དང་། དེ་དག་དང་དེ་ཉིད་ལུས་ངལ་ཞིང་། ལུས་དུ་བ་ལ། ལུས་དབྱིབས་དགུ་པས་ཡིད་སྒྱིད་ལུག་སྟེ། གང་འདི་ཞག་ཉི་ཤུ་རྩ་དགུར་རྩོམ་པ་བྱས་པ་དེས
306b2 ཀྱང་རྡོ་ཆེན་པོ་ཡངས་པ་དེ་ཕྱོགས་དེ་ནས་ཡོངས་སུ་བསྐུལ་བར་ཡང་མ་ནུས་ན་བསྒྲེང་བ་འམ། འཕང་བར་ལྟ་ག་ལ་ནུས། གཞོན་ནུ་དག་གང་དེ་བཞིན་གཤེགས་པས་རྡོ་ཆེན་པོ་ཡངས་པ་དེ་ཕྱོགས་དེ་ནས་བཏེག་ནས་ཕྱོགས
306b3 གཅིག་ཤོས་སུ་འཕང་བར་བྱེད་འདོད་དམ། བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་ལགས་སོ།། བདེ་བར་གཤེགས་པ་མཆོག་ཏུ་འཚལ་ལགས་སོ།། དེ་ནས་བཅོམ་ལྡན་འདས་བླ་གོས་ཕྲག་པ་གཅིག་ཏུ་བཟར་ཏེ། རྡོ་ཆེན་པོ
306b4 ཡངས་པ་དེ་ག་ལ་བ་དེར་གཤེགས་ཏེ་བྱིན་ནས་རྡོ་ཆེན་པོ་ཡངས་པ་དེ་ནབས་ཀྱི་མཐེ་བོང་གཡས་པས་ཡང་དག་པར་རབ་ཏུ་བསྐུལ་ཏེ། ཡང་དག་པར་རབ་ཏུ་བསྐུལ་ནས་ཀྱང་གཞི་ནས་མ་ལུས་པར་བྱུང་སྟེ། ཕྱག་གཡོན་པས་བླངས།
306b5 ནས་ཕྱག་གཡས་ཀྱི་མཐིལ་དུ་བཞག་སྟེ་ཡུད་ཙམ་ཞིག་དགོངས་ནས་གྱེན་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་འཕངས་ཏེ་མིག་ལམ་དུ་མི་སྣང་བར་གནས་པར་གྱུར་པ་དང་། དེའི་སྒྲས་གྱད་དག་དངངས་པར་གྱུར་ཏོ།། བཅོམ
306b6 ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཇོག་གི་རྒྱུད་དག་མ་འཇིགས་ཤིག། གྱེན་དུ་འཕངས་པ་ཙམ་གྱིས་ཀྱང་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ།། ཆོས་ཐམས་ཅད་ནི་བདག་མེད་པའོ།། མྱ་ངན་ལས་འདས
306b7 བ་ནི་ཞི་བའོ་ཞེས་སྒྲ་དེ་ལྟ་བུ་མཛད་དོ། ། སྐུར་འཁོར་ནས་ཀྱང་དེ་བཞིན་གཤེགས་པའི་ཕྱག་མཐིལ་དེ་ཉིད་དུ་གནས་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དེ་ཞལ་གྱི་དབུགས་ཀྱིས་རྡུལ་ཕྲ་རབ་ཙམ་དུ་མ
306b8 དོ། ། བྱེ་མར་མཛད་ནས་ཀྱང་ཕྱོགས་དང་ཕྱོགས་མཚམས་དག་ཏུ་རྡུལ་ཕྲ་རབ་ཏུ་ཕྱེ་མའི་ཆར་མངོན་དུ་འབབ་པར་རྩོམ་པར་མཛད་དོ།། དེ་ནས་གྱེད་ཀྱིས་ཚོགས་དེ་ནི་རྡོ་ཆེན་པོ་ཡངས་པ་དེ་མེད་པར་གྱུར་པས
iiif viewer powered by OpenSeadragon
306a - 307a