e-texts navigator
Collection
Volume
Page
Wylie

304b1 ལུས་དུབ་ལ་ལུས་དགུ་པས་རབ་ཏུ་འབད་པས་སྒྱིད་ལུག་སྟེ་རྡོ་ཆེན་པོ་ཡངས་པ་དེ་ལ་བསྐུལ་བར་ཡང་མ་ནུས་ན། བསྒྲེང་བའམ་འབང་བར་ལྟ་ག་ལ་ནུས། དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ
304b2 བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་གྱིས་མདུན་དུ་བདར་ཏེ། གང་ན་རྡོ་ཆེན་པོ་ཡངས་པ་དེ་གནས་པའི་ཕྱོགས་དེར་གཤེགས་སོ།། ཀུ་ཤིའི་གྲོང་ཁྱེར་དུ་སྐྱེས་པའི་གྱད་རྣམས་ཀྱིས་བཅོམ་ལྡན་འདས་རྒྱང་རིང་པོ་ཁོ་ནན
304b3 ཚུར་གཤེགས་པ་མཐོང་ཏེ། མཐོང་ནས་ཀྱང་དགའ་མགུ་ཞིང་རངས་ཏེ་དགའ་བ་དང་། བདེ་བ་དང་ཡིད་བདེ་བ་སྐྱེས་ཤིང་། བླ་མ་ལ་གུས་པ་ཆེན་པོ་སྐྱེས་ནས་ཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་ལ་བསྲབ་བྱེད་དོ།། བཅོམ་ལྡན
304b4 འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་བར་བྱེད་དོ། ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་དེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཅང་མི་སྨྲ་བར་ཕྱོགས་གཅིག་ཏུ་འཁོད་དོ།། བཅོམ
304b5 ལྡན་འདས་ཀྱིས་ཀུ་ཤིའི་གྲོང་ཁྱེར་གྱི་གྱད་ཕྱོགས་ཅིག་ཏུ་འཁོད་པ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། གཞོན་ནུ་དག་ཅི་འདི་ངལ་བ་ཆེན་པོ་མཆོག་གིས་ཀྱང་བརྩམས་སམ། ངལ་བར་བྱེད་དམ། དེ་སྐད་ཅེས་བཀའ་སྩལ།
304b6 པ་དང་བཅོམ་ལྡན་འདས་ལ་ཀུ་ཤིའི་གྲོང་ཁྱེར་གྱི་གྱད་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འདི་ལ་ཀུ་ཤིའི་གྲོང་ཁྱེར་གྱི་གྱད་བདག་ཅག་གིས་ནི། བཅོམ་ལྡན་འདས་ཀྱང་རྣམས་ཀྱི་ལྗོངས་གྲུབ་སྤྱད་ནས་སྡིག
304b7 པར་གཤེགས་ཏེ། སྡིག་པའི་སྲིན་བུ་པད་མའི་ནགས་ཁྲོད་ན་བཞུགས་སོ།། དེ་ལ་སྡིག་པར་སྐྱེས་པའི་གྱད་རྣམས་ཀྱིས་རི་མོར་བགྱི་བ་མཆོག་གིས་རི་མོས་བགྱིས།། མཆོད་པའི་མཆོག་གིས་མཆོད།། ཐ་མ་ལ་གུས
304b8 བའི་མཆོག་གིས་ཀྱང་རམ་གྲོར་བགྱིས་སོ། ། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ལ་ཆོས་ཀྱི་སྐྱོན་པ་དམ་པ་གྱ་ནོམ་པ་བླ་ན་མེད་པས་ཕན་གདགས་པར་མཛད་དོ།། དེ་ལང་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས




iiif viewer powered by OpenSeadragon

304a - 305a

Texts on this page

Q961 - 'phags pa rdo 'phangs pa'i mdo