| | e-texts navigator
|
303a1 དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ། བདག་ཅག་གི་གྲོང་གི་ཞིང་དུ་ཀུ་ཤིའི་གྲོང་ཁྱེར་དུ་གཤེགས་སོ་སྙམ་མོ།། དེ་ལ་གང་འོ་ན་བདག་ཅག་གིས་ཀྱང་བཅོམ་ལྡན་འདས་དེ་ལ་རི
303a2 མོར་བྱ་བ་དང་། མཆོད་པར་བྱ་བས་བདག་ལ་ཕན་པར་བྱ་བའི་ཕྱིར་ཀུ་ཤིའི་གྲོང་ཁྱེར་ཀུན་ཆོ་ག་བཞིན་དུ་ཕྱག་དར་དག་བྱ། ཆག་ཆག་ལེགས་པར་བཏབ་པ་དང་། བྱི་དོར་ལེགས་པར་བྱ་བ་དག་བྱས་ནས་རྒྱན་དང་ལྷབ་ལྷུབ་ཐམས་ཅད་དང་།
303a3 བདུག་པ་དང་། ཕྲེང་བ་དང་། མེ་ཏོག་དང་། སྤོས་དང་། རོལ་མོའི་སྒྲ་གྱ་ནོམ་པ་དག་གིས་བརྒྱན་པར་བྱ། གདུགས་དང་རྒྱལ་མཚན་དང་། བ་དན་དག་གཟུགས་པར་བྱ། དུས་སྟོན་དག་དུ་གནས་པར་བྱ། བཅོམ་ལྡན་འདས་ལམ་གང་ནས་གཤེགས
303a4 པར་བརྩོན་པའི་གཤེགས་ཤུལ་དེ་ཡང་ཆོ་ག་བཞིན་དུ་ཕྱག་དར་དག་བྱའོ། ། དེ་ཕྱིན་ཆད་བདག་ཅག་ཐམས་ཅད་ཀྱིས་བསུ་བ་བྱས་འབའ་ཤིག་ན་ལེགས་སོ་སྙམ་ནས། དེ་ནས་དེ་དག་ཐམས་ཅད་ཚོགས་ཤིང་ཡང་དག་པར་དགའ་བ་སྟེ།
303a5 བརྩོད་པ་མེད་ཅིང་རྩེ་གཅིག་ལ་བློ་གཅིག་པ་དག་ཏུ་བྱས་ནས་ཀུ་ཤིའི་གྲོང་ཁྱེར་ཐམས་ཅད་ཆོ་ག་བཞིན་དུ་ཕྱག་དར་དག་བྱེད་དོ།། ཆག་ཆག་ལེགས་པར་བཏབ་པ་དང་། བྱི་དོར་ལེགས་པར་བྱས་པ་དག་བྱས་ནས། རྒྱན་དང་ལྡབ
303a6 ལྷུབ་ཐམས་ཅད་དང་། བདུག་པ་དང་། ཕྲེང་བ་དང་། མེ་ཏོག་དང་། སྤོས་དང་། རོལ་མོའི་སྒྲ་གྱ་ནོམ་པ་དག་གིས་བརྒྱན་པར་བྱེད། གདུགས་དང་། རྒྱལ་མཚན་དང་། བ་དན་དག་འཛུགས་པར་བྱེད། དུས་སྟོན་ལ་ང་རབ་ཏུ་གནས་པར་བྱེད
303a7 དེ། གཤེགས་ཤུལ་གང་ནས་བཅོམ་ལྡན་འདས་གཤེགས་པའི་གཤེགས་ལམ་དེ་ཡང་ཆོ་ག་བཞིན་དུ་ཕྱག་དར་དག་བྱེད་དོ།། ཡང་དེའི་ཚེ་ཀུ་ཤིའི་གྲོང་ཁྱེར་གྱི་བར་དང་། ཆུ་ཀླུང་དབྱིག་ལྡན་གྱི་བར་དེ་གཉིས་ཀྱི་བར་ན་རྡོ་ཆེན
303a8 པོ་ཡངས་པ་ཞིག་གནས་མ་ཡིན་པ་ན་འདུག་སྟེ། ལམ་པོ་ཆེན་གནས་པ་ན་འདི་ལྟ་སྟེ། གྱེན་དུ་ནི་འདོམ་བཅཝ་ལྔ་སྲིད་མངོན་དུ་འཕགས་སོ།། རྒྱར་ནི་འདོམི་ཕྱེད་དང་བརྒྱད་དོ།། དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གང་འོ་ན་བདག
iiif viewer powered by OpenSeadragon
302b - 303b