e-texts navigator
Collection
Volume
Page
Wylie

273b1 དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག། འདི་ནི་བདག་གིའོ།། འདི་ནི་བདག་གོ།། འདི་ནི་བདག་གི་བདག་གོ་ཞེས་བདག་ཏུ་ཁས་ལེན་པར་བྱེད་དམ། རྒྱལ་པོས་གསོལ་པ། བཙུན་པ་མི་བགྱིད་ལགས་སོ།། བཅོམ་ལྡན
273b2 འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་གཟུགས་གང་ཅི་ཡང་རུང་བ་འདས་པ་དང་། མ་འོངས་པའམ། ད་ལྟར་བྱུང་བ་འམ། ནང་གི་འམ། ཕྱི་རོལ་གྱི་འམ། རགས་པའམ། ཕྲ་བའམ་བཟང་པོ་འམ། ངན་པའམ། གང
273b3 རྒྱང་རིང་བའམ། གང་ཐག་ཉེ་བ་དེ་དག་ཐམས་ཅད་ལ་ཡང་དག་པའི་ཤེས་རབ་ཀྱིས་འདི་ནི་བདག་གི་མ་ཡིན་ནོ།། འདི་ནི་བདག་མ་ཡིན་ནོ།། འདི་ནི་བདག་གི་བདག་མ་ཡིན་ནོ།། ཞེས་དེ་ལྟར་དེ་དག་ལ་ཡང་དག་པར་ཇི་ལྟ་བ་བཞིན་དུ
273b4 བལྟ་བར་བྱའོ། ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་གང་ཅི་ཡང་རུང་བ་དང་། རྣམ་པར་ཤེས་པ་གད་ཅི་ཡང་རུང་བ་འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བ་འམ། ནང་གི་འམ། ཕྱི་རོལ་གྱི་འམ། རགས་པ་འམ། ཕྲ་བ་འམ
273b5 བཟང་པོ་འམ། ངན་པའམ། གང་རྒྱང་རིང་བ་འམ། གང་ཐག་ཉེ་བ་དེ་དག་ཐམས་ཅད་ལ་ཡང་དག་པའི་ཤེས་རབ་ཀྱིས་འདི་ནི་བདག་གི་མ་ཡིན་ནོ།། འདི་ནི་བདག་མ་ཡིན་ནོ།། འདི་ནི་བདག་གི་བདག་མ་ཡིན་ནོ་ཞེས་དེ་ལྟར་དེ
273b6 དག་ལ་ཡང་དག་པ་ཇི་བལྟ་བ་བཞིན་དུ་བལྟ་བར་བྱའོ། ། རྒྱལ་པོ་ཆེན་པོ་དེ་ལྟར་ལྟ་བའི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི་གཟུགས་ལ་ཡང་སྐྱོ་བར་འགྱུར། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ
273b7 པར་ཤེས་པ་ལ་ཡང་སྐྱོ་བར་འགྱུར་རོ། ། སྐྱོན་འདོད་ཆགས་དང་བྲལ་བར་འགྱུར་རོ།། འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ།། རྣམ་པར་གྲོལ་བས་བདག་ནི་སྐྱེ་བ་ཟད་དོ།། ཚངས་པར་སྤྱོད་པ་བསྟེན་ཏོ།། བྱ
273b8 བབྱས་སོ། ། སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་རྣམ་པར་གྲོལ་བ་ཤེས་ཤིང་མཐོང་བར་འགྱུར་རོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་དང་ལྷ་བརྒྱད་ཁྲིད




iiif viewer powered by OpenSeadragon

273a - 274a

Texts on this page

Q955 - mdo chen po gzugs can snying pos bsu ba zhes bya ba