e-texts navigator
Collection
Volume
Page
Wylie

273a1 འགག་པར་འགྱུར་ཏེ། སྡུག་བསྔལ་གྱི་མཐའ་ནི་དེ་ལྟ་བུ་ཡིན་ནོ།། དགེ་སློང་དེ་ལ་སྡུག་བསྔལ་གང་ཡིན་པ་དེ་འགགས་པ་དང་། དེ་ཉེ་བར་ཞི་བ་དང་། དེ་བསིལ་བར་གྱུར་པ་དང་། དེ་ནུབ་པར་གྱུ་ར་པ་མ་གཏོགས་པར་།
273a2 སུ་ཞིག་ཡོངས་སུ་མྱ་ངན་ལས་འདས་ཏེ། དགེ་སློང་དག་འདི་ལྟ་སྟེ། ཕུང་པོ་ཀུན་སྤངས་པ། སྲིད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ་མྱ་ངན་ལས་འདས་པའི་གོ་འཕངས་འདི་ནི་ཞི་བ་ཡིན་ནོ།། དེ་ནས་བཅོམ་ལྡན
273a3 འདས་ཀྱིས་ཡང་ལན་གཉིས་སུ་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས་གཟུགས་རྟག་པ་ཞིག་གམ། མི་རྟག་པ་ཞིག་ཡིན་སྙམ། རྒྱལ་པོས་གསོལ་པ།
273a4 བཙུན་པ་དེ་ནི་མི་རྟག་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ག་ད་མི་རྟག་པ་དེ་སྡུག་བསྔལ་བ་ཞིག་གམ། སྡུག་བསྔལ་བ་མ་ཡིན། རྒྱལ་པོས་གསོལ་པ། བཙུན་པ་དེ་ནི་སྡུག་བསྔལ་ལགས་སོ།།
273a5 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འོ་ན་གང་མི་རྟག་པ་དང་། སྡུག་བསྔལ་བ་དང་། རྣམ་པར་འགྱུར་བའི་ཆོས་ཅན་དེ་ལ། འཕགས་པ་ཞན་ཐོས་ཐོས་པ་དང་ལྡན་པ་འདི་ནི་བདག་གིའོ།། འདི་ནི་བདག་གོ།། འདི་ནི་བདག
273a6 གི་བདག་གོ་ཞེས་བདག་ཏུ་ཁས་ལེན་པར་བྱེད་དམ། རྒྱལ་པོས་གསོལ་པ། བཙུན་པ་མི་བགྱིད་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང
273a7 རྣམ་པར་ཤེས་པ་རྟག་པ་ཞིག་གམ་མི་རྟག་ཞིག། ཡིན་སྙམ་འམ། རྒྱལ་པོས་གསོལ་པ། བཙུན་པ་དེ་ནི་མི་རྟག་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་མི་རྟག་པ་དེ་སྡུག་བསྔལ་བ་ཞིག་གས
273a8 སྡུག་བསྔལ་བ་མ་ཡིན། རྒྱལ་པོས་གསོལ་བ། བཙུན་པ་དེ་ནི་སྡུག་བསྔལ་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འོ་ན་གང་མི་རྟག་པ་དང་། སྡུག་བསྔལ་བ་དང་རྣམ་པར་འགྱུར་བའི་ཆོས་ཅན




iiif viewer powered by OpenSeadragon

272b - 273b

Texts on this page

Q955 - mdo chen po gzugs can snying pos bsu ba zhes bya ba