| | e-texts navigator
|
272b1 བའི་ཕྱིར་འདི་ལས་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་འདི་ལྟ་སྟེ། མ་རིག་པའི་རྐྱེན་ཀྱིས་འདུ་བྱེད་རྣམས་འདུ་བྱེད་རྣམས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང
272b2 དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ
272b3 སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འབྱུང
272b4 བར་འགྱུར་རོ། ། འདི་ལྟ་སྟེ། འདི་མེད་པས་འདི་མི་འབྱུང་ལ། འདི་འགགས་པས་འདི་འགག་པ་སྟེ། འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག། རྣམ་པར
272b5 ཤེས་པ་འགགས་པས་མིང་དང་གཟུགས་འགག། མི་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག། རེག་པ་འགགས་པས་ཚོར་བ་འགག། ཚོར་བ་འགགས་པས
272b6 སྲེད་པ་འགག། སྲེད་པ་འགགས་པས་ལེན་པ་འགག། ལེན་པ་འགགས་པས་སྲིད་པ་འགག། སྲིད་པ་འགགས་པས་སྐྱེ་བ་འགག། སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ
272b7 དང་ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འགག་པར་འགྱུར་རོ།། དགེ་སློང་དག་དེ་ལྟར་ན་འདུ་བྱེད་རྣམས་ནི་སྡུག་བསྔལ་བ་ཡིན་ལ། མྱ
272b8 ངན་ལས་འདས་པ་ནི་ཞི་བ་ཡིན་ཏེ། རྒྱུ་ཀུན་འབྱུང་བ་ལས་སྡུག་བསྔལ་སུན་འབྱུང་བར་འགྱུར་ལ་རྒྱུ་འགགས་པ་ལས་སྡུག་བསྔལ་འགག་པ་དང་། ལམ་གྱི་རྒྱུན་འཆད་པ་དང་། མི་འབྱུང་བ་དང་། ཉིང་མཚམས་སྦྱོར་བ་མེད་ཅིང
iiif viewer powered by OpenSeadragon
272a - 273a