| | e-texts navigator
|
271a1 དང་འཇིག་པ་ཡང་རྟོགས་པར་བྱའོ། ། རྒྱལ་པོ་ཆེན་པོ་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྐྱེ་བ་ཡང་བ་ཡིན། འཇིག་པ་ཡང་མ་ཡིན་ཏེ། དེའི་སྐྱེ་བ་དང་། འཇིག་པ་ཡང་རྟོག
271a2 པར་བྱའོ། ། རྒྱལ་པོ་ཆེན་པོ་གཟུགས་ཀྱི་སྐྱེ་བ་དང་། འཇིག་པའི་ཆོས་ཉིད་རྟོགས་པའི་རིགས་ཀྱིས་བུས་ནི་གཟུགས་དེ་ཡོངས་སུ་ཤེས་པ་ཡིན་ནོ།། རྒྱལ་པོ་ཆེན་པོ་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣ
271a3 པར་ཤེས་པའི་སྐྱེ་བ་དང་། འཇིག་པའི་ཆོས་ཉིད་རྟོགས་པའི་རིགས་ཀྱི་བུས་ནི་རྣམ་པར་ཤེས་ཤེ་ཡོངས་སུ་ཤེས་པ་ཡིན་ནོ།། རྒྱལ་པོ་ཆེན་པོ་གཟུགས་ཡོངས་སུ་ཤེས་པའི་རིགས་ཀྱི་བུ་ནི་བདག་དང་བདག་གི་ཞེས་ཁུ།
271a4 མི་ལེན་པར་མི་བྱེད། ཉེ་བར་ལེན་པར་མི་བྱེད། ལྷག་པའི་ཆགས་པར་མི་བྱེད། མངོན་པར་ཞེན་པར་མི་བྱེད་དོ།། རྒྱལ་པོ་ཆེན་པོ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་ཤེས་པའི་རིགས
271a5 ཀྱི་བུ་ནི་བདག་དང་བདག་གི་ཞེས་ཁས་ལེན་པར་མི་བྱེད། ཉེ་བར་ལེན་པར་མི་བྱེད། ལྷག་པར་གནས་པར་མི་བྱེད། མངོན་པར་ཞེན་པར་མི་བྱེད་དོ།། རྒྱལ་པོ་ཆེན་པོ་གཟུགས་བདག་གིར་མི་བྱེད། ཁས་ལེན་པར་མི་བྱེད།
271a6 ཉེ་བར་ལེན་པར་མི་བྱེད། ལྷག་པར་གནས་པར་མི་བྱེད། མངོན་པར་ཞེན་པར་མི་བྱེད་པའི་རིགས་ཀྱི་བུ་ནི་ཚད་མེད་པ་དང་། གྲངས་མེད་པ་ཡིན་ཏེ། མྱ་ངན་ལས་འདས་པ་ཡིན་པར་ང་སྨྲའོ།། རྒྱལ་པོ་ཆེན་པོ་ཚོར་བ་དང་འདུ་ཤེས
271a7 དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་གིར་མི་བྱེད། ཁས་ལེན་པར་མི་བྱེད། ཉེ་བར་ལེན་པར་མི་བྱེད། ལྷག་པར་གནས་པར་མི་བྱེད། མངོན་པར་ཞེན་པར་མི་བྱེད་པའི་རིགས་ཀྱི་བུ་ནི་ཚད་མེད་པ་དང་། གྲངས་མེད
271a8 པ་ཡིན་ཏེ། ། མྱ་ངན་ལས་འདས་པ་ཡིན་པར་སྨྲའོ།། དེ་ནས་ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་འདི་སྙམ་དུ་སེམས་ཏེ། གལ་ཏེ་གཟུགས་བདག་མ་ཡིན་ཞིང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།
iiif viewer powered by OpenSeadragon
270b - 271b