e-texts navigator
Collection
Volume
Page
Wylie

269b1 ལོགས་སུ་ཐལ་མོ་སྦྱར་བ་བཏུད་ཏེ་ཕྱོགས་ཅིག་ཏུ་འཁོད་དོ། ། ཁ་ཅིག་གིས་ནི་རྒྱང་རིང་པོ་ཁོ་ན་ནས་བཅོམ་ལྡན་འདས་མཐོང་ནས་ཅང་མི་སྨྲ་བར་ཕྱོགས་གཅིག་ཏུ་འཁོད་དོ།། དེའི་ཚེ་ན་རལ་བ་ཅན་ཚེ་དང་ལྡན་པ་སྟེང་རྒྱས་འོད
269b2 སྲུང་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པར་གྱུར་ཏོ། ། དེ་ནས་ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་འདི་སྙམ་དུ་སེམས་ཏེ། ཅི་དགེ་སྦྱོང་ཆེན་པོ་རལ་པ་ཅན་ལྟེང་རྒྱས་འོད་སྲུང་གི་དྲུང་ན་ཚངས་པར་སྤྱད་པ་སྤྱོད་དམ། འོན
269b3 རལ་པ་ཅན་སྟེང་རྒྱས་འོད་སྲུང་ཉིད་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་དོ་སྙམ་མོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷའི་བྲབ་ཟེ་དང་། ཁྱིམ་བདག་རྣམས་ཀྱིསེམས་ཐུགས་ཀྱིས་མཁྱེན་ནས་ཚེད་པ་ན
269b4 པ་ལྟེང་རྒྱས་འོད་སྲུང་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་དྲི་བ་དྲིས་པ། ལྟེང་རྒྱས་གནས་པས་འདི་ལ་ཅི་མཐོང་ན།། ཁྱོད་ཀྱིས་མེ་སྤངས་བརྟུལ་ཞུགས་ཁོ་ན་སྤྱོད།། ཁྱོད་ཀྱིས་ཇི་ལྟར་མེའི་སྦྱིན་སྲེག་སྤངས། འོད་སྲུང་དེ་ཡི་དོན་ནི་ང
269b5 ལ་སྤྲོས། ཚེ་དང་ལྡན་པ་ལྟེད་རྒྱས་འོད་སྲུང་གིས་གསོལ་བ། འདི་ནི་ཁ་ཅིག་ཟས་དང་སྐོམ་དག་དང་། རོ་དང་འདོད་པ་བུད་མེད་རྗོད་བགྱིད་པ།། རྫས་བྱུང་དེ་དག་དྲི་མར་རབ་མཐོང་བས།། དེ་སླད་མཆོད་སྦྱིན་སྲེག་ལ་བདག་མི་དགའ།། བཅོམ
269b6 ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ཁྱོད་ནི་འདོད་དང་ཟས་སྐོམ་དང་དེ་བཞིན་རོ་རྣམས་དག་ལ་ཡིད་དགར་མི་བདེན།། ཇི་ལྟར་ལྷ་མིའི་འཇིག་རྟེན་དག་ལ་ཁྱོད་ཀྱི་ཡིད།། དགའ་བར་བྱེད་པ་དྲིས་པ་འོད་སྲུང་སྤྲོས།། ཚེ་དང་ལྡན་པ
269b7 ལྟེང་རྒྱས་འོད་སྲུང་གིས་གསོལ་པ། གོ་འཕངས་ཞི་བཆོག་ཕུང་པོ་མ་མཆིས་ཤིང་།། ཅི་ཡང་མ་མཆིས་འདོད་སྲིད་མ་ཆགས་ལ།། མི་འགྱུར་གཞན་གྱིས་མི་དཀྲི་མཐོང་ལགས་པས།། དེ་སླད་མཆོད་སྦྱིན་སྲེག་ལ་བདག་མི་དགལ
269b8 མ་ཉམས་གོ་འཕང་དམ་པ་མ་མཐོང་ཚེ། ། མཆོད་སྦྱིན་བརྟུལ་ཞུགས་རྣམས་ཀྱང་ཞུགས་ཀྱིས་ཀྱང་།། གྲོལ་བར་འགྱུར་ཞེས་བདག་ཡང་རྨོངས་གྱུར་ཅིང་།། ལྡོངས་ཤིང་སྐྱེ་ཤིའི་རྗེས་སུ་ཞུགས་པར་གྱུར།། གཽ་ཏམ་སྐྱེ་མད་དོན




iiif viewer powered by OpenSeadragon

269a - 270a

Texts on this page

Q955 - mdo chen po gzugs can snying pos bsu ba zhes bya ba