e-texts navigator
Collection
Volume
Page
Wylie

268b1 པ་དུས་གཅིག་ན། བཅོམ་ལྡན་འདས་དགེ་སློང་སྟེང་ག་དགེ་སློང་གི་འི་འདུ་ཆེན་པོ་ཐམས་ཅད་ཀྱང་སྔོན་རལ་པ་ཅན། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས
268b2 སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་དུ་རྣམ་པར་གྲོལ་བ་ཤ་སྟག་དང་ཐབས་གཅིག་ཏུ་ཡུལ་མ་གཽ་དྷར་ཡུལ་རྒྱུ་ཞིང་གཤེགས་པ་ན། མ་ག་དྷ་པ་རྣམས་ཀྱི་མཆོད
268b3 རྟེན་རབ་བརྟན་གྱི་སྨིག་མའི་ནགས་ཁྲོད་ག་ལ་བ་དེར་གཤེགས་ཏེ། དེ་ན་བཅོམ་ལྡན་འདས་རབ་བརྟན་དུ་བྱོན་ནས་མ་ག་དྷ་བ་རྣམས་ཀྱི་མཆོད་རྟེན་རབ་བརྟན་གྱི་སྨིག་མའི་ནགས་ཁྲོད་ན་བཞུགས་སོ།། ཡུལ་མ་ག་དྷཱ
268b4 རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་དགེ་སློང་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་སྔོན་རལ་པ་ཅན། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ
268b5 བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་དང་ཐབས་གཅིག་ཏུ་ཡུལ་མ་ག་དྷ་ར་ཡུལ་རྒྱུ་ཞིང
268b6 གཤེགས་པ་ན། མ་ག་དྷཱ་པ་རྣམས་ཀྱི་མཆོད་རྟེན་རབ་བརྟན་གྱི་སྨིག་མོའི་ནགས་ཁྲོད་ག་ལ་བ་དེར་གཤེགས་ཏེ། དེ་ནས་བཅོམ་ལྡན་འདས་རབ་བརྟན་དུ་བྱོན་ནས་མ་ག་དྷ་བ་རྣམས་ཀྱི་མཆོད་རྟེན་རབ་བརྟན་གྱི་སྨིག་མིང
268b7 ནགས་ཁྲོད་ན་བཞུགས་སོ་ཞེས་ཐོས་སོ། ། ཐོས་ནས་ཀྱང་རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོས་ཤིང་རྟ་ཁྲི་ཉི་སྟོད་དང་། རྟའི་ཁྱུ་ཚན་ཁྲི་བརྒྱད་སྟོང་དང་། ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག
268b8 འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་ལ་འགྲོ་བའི་ཕྱིར་རྒྱལ་པོའི་ཁབ་ནས་བྱུང་སྟེ། དེ་བཞོན་པས་བགྲོད་པའི་ས་ཛ་སྲིད་པ་དེ་སྲིད་དུ་བཞོན་པས་སོང་ནས། བཞོན་པ




iiif viewer powered by OpenSeadragon

268a - 269a

Texts on this page

Q955 - mdo chen po gzugs can snying pos bsu ba zhes bya ba