e-texts navigator
Collection
Volume
Page
Wylie

250b1 བསྐུར་བར་མངོན་ཡང་། བློའི་ནོར་ཅན་རྣམས་ཀྱིས་ནི་དེ་ཉིད་ལ་དོན་དུ་མ་ངེས་ནུས་ལ། བྱེ་བྲག་ཏུ་གསལ་བཏབ་ནན་དོན་ཅག་སྟོན་པར་འཁྲུལ་པ་བྱར་དང་། ཆག་ཇི་ཙམ་པས་བརྗོད་པ་དེ་ཙམ་དུ་བསྣུར་བར་རགས།
250b2 པའི་ཡང་ཕྱིར་ཏེ། མདོར་ན་རྒྱུ་བོད་ཀྱི་དོན་ཐུན་མོང་པ་བརྡ་ཐ་དད་པའི་བྱེད་པ་མ་ཉམས་པར་བྱས་ནས་སྔོན་གྱི་བསྒྱུར་བ་ལ་མཁས་པ་རྣམས་ཀྱིས་བཀྲས་བཅད་ལ་སོགས་པའི་ལུགས་དང་ཡང་མི་འགལ་བར་བྱང་ཕྱོགས
250b3 བ་ཨཆབ་ཀྱི་རྒྱུང་དུ་སྨྲས་པའི་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་དམ་པའི་ཆོས་ལ་གུས་པས་རྒྱ་གར་གྱི་རྒྱལ་པོ་ཕུན་སུམ་ཚོགས་པའི་དཔལ་གྱི་རྒྱལ་མཚན་གྱི་དབང་ཕྱུག་གཞན་པས་ཆེས་མཐོ་བ་དང་ལྡན་པར
250b4 མ་པ་ལའི་རིང་ལ་ཐེག་པ་ཆེན་པོའི་མདོ་སྡེ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་ཤེས་ཤིག་འགྱུར་བའི་འཕྲོ་ཡོངས་སུ་རྫོགས་པར་བྱས་ནས་བསྒྱུར་བའོ། ། ། སླད་ཀྱིས་ཞུས་ཐུག་ལ་ནི་དགེ་བའི
250b5 བཤེས་གཉེན་ཞང་བུ་གཅིག་པ་ཞེས་རབ་ཏུ་གྲགས་ཤིང་སྐྱེ་དགུ་རྣམས་སྒྲོགས་པ་ཡང་འཇིག་རྟེན་པ་ནི་རང་ལ་ཕན་པའི་རྒྱུ་མཚན་གྱིས་བརྗོད་པ་དེ་དག་རྣམས་ཀྱི་གཤིས་ཡིན་པའི་ཕྱིར་ཏེ། སྐྱེས་བུ་དེས་ནི
250b6 སེམས་ཅན་ལ་བུ་གཅིག་པ་བཞིན་དུ་དགོངས་པས་སྲས་གཅིག་པའོ། ། དེས་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པ་མཚོན་ནོ།། ཆོས་ལ་གནས་པ་རྣམས་ལ་ཤེས་རབ་འོད་ཅེས་གྲགས་པ་ཡང་ཐེག་པའི་རིམ་པ་དང་འཐུན
250b7 པར་མཁྱེན་ཅིང་བདེན་པ་གཉིས་ལ་སོགས་པའི་སྒོར་བསྡུ་བས་མོས་པ་དང་། ངེས་པ་དང་། མངོན་དུ་རྟོགས་ཤིང་ཤེས་ནས་རང་དང་གཞན་གྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་མུན་པ་འཇོམས་པའི་འོད་མཛད་པའི
250b8 ཕྱིར་ཏེ། དེས་ནི་ཤེས་རབ་ཆེན་པོའི་དང་ལྡན་པ་དང་། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ།། དམ་པའི་སྐྱེ་བོ་དེས་གྲོགས་མཛད་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་ཉིད་ཀྱིས་དག་པར




iiif viewer powered by OpenSeadragon

250a - 251a

Texts on this page

Q953 - 'phags pa dam pa'i chos dran pa nye bar gzhag pa