e-texts navigator
Collection
Volume
Page
Wylie

250a1 མཆོག་ཏུ་གྱུར་པ་པ་ཎ་ཌི་ཏ་ཆེན་པོ་ཨཱ་བྷྱཱ་ཨ་ཀར་འགུ་བྷ་ཏ་དང་། ཐོས་པ་འཛིན་པས་འཇམ་དཔལ་དང་འདྲ་བར་གྲགས་པ་སྤོབས་པའི་ཤེས་རབ་ཅན་རྣམས་ཀྱི་མཆོག་པཎ་ཌི་ཏ་ཆེན་པོ་ཤཱཀྱ་རཀྵི་ཏ་དང་།
250a2 པཎ་ཌི་ཏ་ཆེན་པོ་བིརྱ་ཨ་ཀར་ཤན་ཏི་ལ་སོགས་པ་རྣམས་ལ་རྒྱ་དཔེ་ལྔ་དང་། གཞན་ཡང་ཡུལ་དབུས་མ་ག་དྷ་ཞེས་བྱ་བ་དེ་བཞིན་གཤེགས་པའི་རྟེན་མང་དུ་བཞུགས་ཤིང་སངས་རྒྱས་པའི་སྐྱེ་བོ་དཀོན་མཆོག་གསུམ་ལ་དད
250a3 པས་ཡུལ་གང་བའི་མ་ག་དྷའི་ཡུལ་སྨད་ན། རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་བ་པཱ་ལས་མཛད་པའི་གཙུག་ལག་ཁང་ཆེན་པོ་བསྟན་པའི་མིག་ཏུ་གྱུར་པ་བི་ཀྲ་མ་ཤཱི་ལ་ན་ཡང་མཁས་པའི་སྐྱེ་བོ་མང་དུ་ཟིན་ཀྱང་། ཤཱཀྱ
250a4 རཀྵི་ཏ་དེ་ཉིད་དང་། སྒྲ་དང་། སྙན་དངགས་དང་། ལེགས་པར་སྤྱད་པའི་སྐད་ཀྱི་ལུགས་ལ་མཁས་པའི་པཎ་ཌི་ཏ་ཆེན་པོ་སུ་བྷཱུ་ཏི་ཙན་དྲ་དང་། མངོན་པ་ལ་མཁས་པ་ཨ་ཌི་ཏ་ཙན་དྲ་ལ་སོགས་པ་རྣམས་ལ་རྒྱ་དཔེ་གཉིས་ལ
250a5 ལེགས་པར་མཉན་ཅིང་གུས་པས་ཐད་དུ་བསྟེན་ནས་དོན་དང་ཚིག་མ་ལུས་པར་རྟོགས་པའི་བཤད་པ་ཞུས་ནས། ཤིན་ཏུ་དཀའ་བའི་གནས་རྣམས་ལ་ནི་ཕྱིར་ཞིང་ལེགས་པར་དཔྱད་པས་དོན་དགྲོལ་བའི་ཐབས
250a6 ཞུས་ཏེ། འགྱུར་གྱི་ཡན་ལག་རྒྱ་གར་གྱི་སང་སྠི་ཏ་དང་། འཕྲལ་སྐད་གཉིས། བོད་ཀྱི་ཆོས་སྐད་དང་། འཕྲལ་སྐད་གཉིས་ཏེ་བཞི་ལ་དབང་འབྱོར་པའི་ཤེས་རབ་ཀྱི་སྣང་བ་ཐོབ་མོད་ཀྱིས་ཀྱང་སྤྱིར་མདོ་སྡེ་ལ་དོན
250a7 ག་ཡི་གནས་མེ་བས་ཚིག་དོན་ཕལ་ཆེར་བརླིང་ཞིང་ལྷག་པར་ཡང་མདོ་འདི་དོན་དུ་མ་ཚིག་ཟུར་རྣམས་ཀྱིས་དག་གཅིག་ཏུ་འབྲེལ་བར་སྟོན་པ་ནི་ཚིག་མཛེས་པའི་རྒྱན་གྱིས་དོན་གསལ་བར་མཛད་པ་སྙན་དངགས་ཀྱི
250a8 དབང་ཕྱུག་འགྲན་གྱི་དོ་ཟླ་མེད་པ་རྣམས་ཀྱི་མཛད་པའི་རིམ་པ་ཡིན་པའི་ཕྱིར་ན་སྦྱངས་པ་ཞན་པ་རྣམས་ལ་སླ་བ་མ་ཡིན་ལ། ཁྱད་པར་དུ་ཡང་གཞུང་ཉུང་བས་དོན་དུ་མ་སྟོན་པའི་མདོ་དུམ་བུ་རྣམས་ནི་སྤྱི་སོར




iiif viewer powered by OpenSeadragon

249b - 250b

Texts on this page

Q953 - 'phags pa dam pa'i chos dran pa nye bar gzhag pa