e-texts navigator
Collection
Volume
Page
Wylie

249b1 སྐད་ལགས་པར་བང་བས་ལམ་འདྲེན་པའ་ཕེག་དང་འ་བ་འདྲེ་པར་ལ་བ། ། ལུམ་བྱས་ཐམས་དཀྱིས་ནགཅིག་པ་ལྟང་སྙིང་དུ་ག་ཅིང་འཐུན་པར་བྱུང་བས་ད་ནོ་ལ་བུ་ལག་པུང་སྒྲུབ་པ་རྣམམས
249b2 འཐུན་པར་འཛིན་པས་ཡིད་འཕྲོག་པར་མཛད་པ། ། འགྲོ་བ་ཉམ་ཐག་པ་རྣམས་གཟིགས་ནས་བརྩེ་བའི་ཟུག་རྔུས་སེམས་གདུངས་ཀྱང་ཐུགས་རྗེའི་ཕྱག་བརྒྱད་པས་སྐལ་བ་དང་འཐུན་པར་རྗེས་སུ་འཛིན་པར་མཛད་པ།
249b3 སྐྱེ་ལུང་བསྟན་པའི་མདོ་སྡེ་སྟག་རྣའི་རྒྱུ་སྐར་ལས་ཡོན་ཏན་དུམ་དང་ལྡན་པའི་རྩོམ་པ་པོ་ཆེན་པོ་ཉིད་དང་། ལུས་བརྗེས་ནས་མཐོ་རིས་སུ་སྐྱེ་བ་བཞེས་པར་ལུང་བསྟན་པ། འཕགས་པ་བྱམས་པ་དང་མཇལ་བར་བཞེད
249b4 པའི་སྲེད་པ་དང་། ཆོས་ཀྱི་སྲེད་པ་དང་། ནོར་གྱི་སྲེད་པ་ཟླ་ལྷག་པ་མངའ་བ། ཆགས་སྡང་ལ་སོགས་པ་ཐམས་ཅད་ནི་ཤས་ཆུང་བར་གྱུར་པའི་སྐྱེས་བུ་དེའི་སྔགས་པ་སྤྲོ་བར་ནི་སུས་ནུས། མདོར་བསྡུ་ན་འཇིག་རྟེན
249b5 མི་ཆོས་ཀྱི་མཁྱེན་པ་ཆེ་ཞིང་བཟང་བ་གསེར་གྱི་ས་གཞི་དང་འདྲ་བ་ལ། ། དམ་པའི་ཆོས་ཕུན་སུམ་ཚོགས་པ་མཁས་པ་དང་། བཙུན་པ་དང་། ཞི་བ་དང་། དུལ་བ་དང་། མཉེན་པ་དང་། དེས་པ་དང་། བདེན་པར་སྨྲ་བ། གཙོ
249b6 མེད་པ། དྲང་བའི་རང་བཞིན་ཅན། སྒྲུབ་པ་ལ་སྙིང་པོར་མཛད་པའི་དཔག་བསམ་གྱི་ལྗོན་ཤིང་ལོ་འདབ་རྒྱས་པ་གཡུའི་མནཌ་ལ་དང་མཚུངས་པར་འཁྲུངས་པ་ལས་ཚེ་འདི་དང་། གཞན་དང་། གནས་སྐབས་དང་མཐར
249b7 ཐུག་པའི་དགེ་བའི་ལོ་ཏོག་ཕུན་མུ་པ་ཚོགས་པའི་མེ་ཏོག་དང་འབྲས་བུ་ཡོངས་སུ་རྒྱས་ཤིང་རྣམ་པར་སྨིན་པས་བདག་དང་གཞན་ལ་ཕན་པའི་ཕ་རོལ་ཏུ་བྱེད་པས་ཅུང་ཟད་ཀྱང་དོན་མེད་པ་མ་ཡིན་པ། རིག་པའི
249b8 གནས་ལྔ་ལ་ཐོགས་པ་མེད་པའི་མཁྱེན་པ་དང་ལྡན་པའི་དཔལ་གྱིས་མཛེས་པའི་པཎ་ཌི་ཏ་ཆེན་པོ་ཤཱན་ཏ་ཨ་ག་ར་འགུ་བ་ཏའི་ཞལ་སྔ་ནས་དང་། མཁས་པ་ཆེན་པོ་སྐྱེས་བུ་དམ་པ་འདུལ་བ་འཛིན་པའི་ཡང




iiif viewer powered by OpenSeadragon

249a - 250a

Texts on this page

Q953 - 'phags pa dam pa'i chos dran pa nye bar gzhag pa