| | e-texts navigator
|
248b1 རྣམས་སུ་ལས་ཀྱི་འབྲས་བུའི་བགོ་སྐལ་ལ་སྤྱོད་པ་དང་། རང་གི་ལས་ཀྱི་འབྲས་བུ་མནར་བ་དང་། ལན་བརྒྱ་ཕྲག་དང་དེ་ནས་སྟོང་ཕྲག་རྣམས་སུ་ཡང་ཤི་འཕོས་པ་དང་། སྐྱེས་པར་མ་གྱུར་པའི་གནས་གཅིག་དང་ཡང
248b2 ལྡན་པའི་ནི་དེས་གཅིག་ཀྱང་མ་མཐོང་ངོ་། ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟག་པར་རྒྱུན་དུ་ནང་དང་གཞན་དང་། ནང་དང་ཕྱིའི་ལུས་རྣམས་ལ་ཡང་ལྟ་བར་བྱེད་པས་ནི་ལུས་ལ་ཀུན་དུ་ཆགས་པར་མི་འགྱུར་རོ།། སྡུག་པར
248b3 གྱུར་པའི་སྒྲ་དང་། རོ་དང་གཟུགས་དང་། དྲི་དང་། རེག་བྱ་རྣམས་ཀྱིས་ཀྱང་ཕྲོགས་པར་མི་འགྱུར་རོ།། དེ་ལྟར་ནཱ་ལེ་ཏའི་གྲོང་གི་བྲམ་ཟེ་དང་ཁྱིམ་བདག་རྣམས་དང་། ལུས་དྲན་པ་ཉེ་བར་གཞག་པ་མངོན་པར་བརྩོན་པའི
248b4 དགེ་སློང་རྣམས་ཀྱང་བདུད་ཀྱི་དྲུང་ན་རབ་ཏུ་མི་གནས་སོ། ། དེ་ལྟར་ལུས་དྲན་པ་ཉེ་བར་གཞག་པ་ཐོས་པར་གྱུར་པས་ཀྱང་རབ་ཏུ་མང་པོ་རྣམས་ཀྱིས་འཇིག་ཚོགས་ལ་ལྟ་བའི་མིག་སྤྲིན་ཕུག་ནས་བླ་ན་མེད་པའི་ཆོས་རྣམས
248b5 ལ་ཆོས་ཀྱི་མིག་སྐྱེས་པར་གྱུར་ཏོ། ། དགེ་སློང་དག་ངས་ཇི་སྐད་དུ་ལུས་དྲན་པ་ཉེ་བར་གཞག་པ་བསྟན་པར་བྱའོ་ཞེས་བརྗོད་པ་ལ་བཤད་པ་ནི་དེ་དག་རྣམས་ཡིན་ནོ།། དགེ་སློང་དག་དེ་དག་རྣམས་རི་དང་། རིའི་ཁྲོད་དང་།
248b6 རིའི་ཕུག་དང་། དུར་ཁྲོད་དང་། བླ་གབ་མེད་པ་རྣམས་སུ་རྩ་སོག་གོ་ཕུང་པོ་ལ་བསམ་གཏན་དུ་གྱིས་ཤིག། བག་མེད་པས་གནས་པར་མ་བྱེད་ཅིག། ཕྱི་ནས་འཆི་བའི་དུས་ན་འགྱོད་པར་འགྱུར་བར་མ་བྱེད་དང་། འདི་ནི
248b7 ཁྱེད་རྣམས་ལ་རྗེས་སུ་གདམས་པ་ཡིན་ནོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ལ། དགེ་སློང་དེ་དག་རྣམས་ཀྱང་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
248b8 ལས་དྲན་པ་ཉེ་བར་གནག་པའོ།། །། སྟོང་ཕྲག་སུམ་ཅུ་རྩ་དྲུག་པ་འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། དེ་རྒྱུ
iiif viewer powered by OpenSeadragon
248a - 249a