e-texts navigator
Collection
Volume
Page
Wylie

83a1 བར་བྱེད་པ་ཞེས་བྱ་བའི་ཡོངས་སུ་བསྔོག། སངས་རྒྱས་ཐམས་ཅད་ཀྱི་ཞབས་དང་། ཆོས་དང་། དགེ། སློང་གི་དགེ་འདུན་ལ་མག་པས་ཕྱག་འཚལ་ལ།། ཕྱོགས་བཅུ་བརྗོད་ཀྱིས་མི་ལང་བའི་འག
83a2 རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དང་། ས་ཆེན་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། གང་བདག་གིས་སྐྱེ་བ་འདི་དང་།
83a3 སྐྱེ་བ་གཞན་དུ་ཁྱིམ་པ་འམ། རབ་ཏུ་བྱུང་བ་ཇི་ཙམ་དུ་འཁོར་བའི་སྔོན་གྱི་མཐའ་མ་འཚལ་བ་ནས་སྡིག་པ་མི་དགེ་བའི་ལས་བགྱིས་ཤིང་བསགས་པ། ལུས་དང་། ངག་དང་། ཡིད་ཀྱིས་བགྱིས་པ་དང་། བགྱིད
83a4 ཏུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་ཤེས་པ་འམ། མི་ཤེས་པ་འམ། བསམས་པའམ། མ་བསམས་པའམ། དྲན་པའམ། མི་དྲན་པ་འམ། འདོད་ཆགས་ཀྱི་དབང་ངམ། ཞེ་སྡང་གི་དབང་ངམ།
83a5 གཏི་མུག་གི་དབང་ངམ། དགེ་བའི་བཤེས་གཉེན་མ་ལགས་པ་དང་འབྲེལ་བའི་དབང་ངམ། མི་ཤེས་པའི་དབང་ངམ། ཡུལ་གྱི་དབང་ངམ། དུས་སུ་སྐྱེ་བའི་དབང་ངམ། ཡང་དག་པའི་ཚུལ་ཁྲིམས་འཆལ་པ
83a6 འམ། སྦྱོར་བས་ཚུལ་ཁྲིམས་འཆལ་པ་འམ། དངོས་པོས་ཚུལ་ཁྲིམས་འཆལ་པའམ། ལུས་ཀྱི་རྣམ་གསུམ་དང་། ངག་གི་རྣམ་བཞི་དང་། ཡིད་ཀྱི་རྣམ་གསུམ་གྱིས་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང
83a7 པ་མ་དང་། མཁན་པོ་དང་། སློབ་དཔོན་ནམ། བླ་མ་གཞན་དག་ལ་ཉེས་པ་བགྱིས་པ་འམ། སེམས་ཅན་གྱི་ཁམས་ལྟ་བ་ལོག་པ་ལ་བཙུད་པ་འམ། སེམས་ཅན་ཡང་དག་པ་སྒྲུབ་པ་ལ་གནས་པ་རྣམས་ཀྱི་བར
83a8 ཆད་བགྱིས་པ་འམ། དགེ་བའི་རྩ་བ་རྣམས་ལོག་པར་བསྔོ་བས་ཡོངས་སུ་བསྔོས་པ་འམ། དེ་བཞིན་གཤེགས་པ་ལ་ཡང་དག་པ་མ་ཡིན་པ་སྨྲས་པའམ། ཆོས་ཆོས་མ་ཡིན་པ་ཆོས་སུ་བསྟན་པའམ།




iiif viewer powered by OpenSeadragon

82b - 83b

Texts on this page

Q951 - 'phags pa bsam pa thams cad yongs su rdzogs par byed pa zhes bya ba'i yongs su bsngo ba