e-texts navigator
Collection
Volume
Page
Wylie

61b1 འདས་གང་རྣམས་ལས་དེ་བཞིན་གཤེགས་པརརེ་རེ་ཚུལ་ཁྲིམས་ཀྱི་ཡོན་ཏན་གྱིས་བསྔགས་པ་ཕུན་སུམ་ཚོགས་པ་ལས་བརྩམས་ཏེ། བསྐལ་པ་མཐའ་ཡས་པར་བསྔགས་པ་བརྗོད་ཀྱང་དེ་བཞིན་གཤེགས་པ་དེང
61b2 ཚུལ་ཁྲིམས་ཀྱི་ཡོན་ཏན་གྱི་བསྔགས་པ་ཕུན་སུམ་ཚོགས་པ་ཡང་མཟད་ཅིང་ཐུག་པ་མ་མཆིས་ལ་དེ་བཞིན་གཤེགས་པ་དེ་དག་གི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ལ་ཡང་ཐུག་པ་མ་མཆིས་ཏེ། དེ་ལྟར་སངས་རྒྱས
61b3 བཅོམ་ལྡན་འདས་ཚུལ་ཁྲིམས་དཔག་ཏུ་མ་མཆིས་པ་དེ་དག་ལ་མོས་པའི་མཆོག་གིས་མོས་སོ། ། གཙོ་བོ་དང་། དམ་པ་དང་། ཁྱད་པར་དུ་འཕགས་པ་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མ་མཆིས
61b4 པ་དང་། མཉམ་པ་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་དང་། མཚུངས་པ་མ་མཆིས་པ་དང་། སྣང་བ་མ་མཆིས་པ་དང་། བདག་ཉིད་ཆེན་པོ་དང་། ཟིལ་གྱིས་མི་ནོན་པ་དང་། ཡོན་ཏན་གྱི་ཆོས་ཐམས་ཅད་སྡུད་པ
61b5 དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའི་མོས་པས་ལྷག་པར་མོས་སོ།། ཚུལ་ཁྲིམས་ལ་ཇི་ལྟ་བ་དེ་བཞིན་དུ་ཏིང་ངེ་འཛིན་དང་། ཤེས་རབ་དང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ
61b6 ཤེས་མཐོང་བ་དང་། དེ་བཞིན་དུ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། དེ་བཞིན་དུ་སྟོབས་དང་། མི་འཇིགས་པ་དང་། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད
61b7 ཡང་དག་པར་འབྱུང་བའི་བར་དག་ལ་ལྷག་པར་མོས་སོ། ། མོས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ལོ།། བསྟོད་དོ།། བཀུར་རོ།། སྔགས་སོ།། རབ་ཏུ་བསྔགས་སོ།། འདུད་དོ།། རབ་ཏུ་འདུད་དོ།།
61b8 ཕྱག་བགྱིའོ།། གཞོལ་ལོ།། བལྟའོ།། བརྟག་གོ། བྱམས་པའི་ལུས་ཀྱི་ལས་དང་། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་དང་། ཀུན་ཏུ་བཟང་པོ་དང་། སངས་རྒྱས་ཀྱི་རྒྱན་གྱི




iiif viewer powered by OpenSeadragon

61a - 62a

Texts on this page

Q950 - 'phags pa phung po gsum pa zhes bya ba theg pa chen po'i mdo