| | e-texts navigator
|
59b1 རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། ། མི་མཐུན་པ་མེད་ཅིང་མཐུན་པ་དང་ལྡན་པ། རྟེན་པ་དང་ལྡན་པའོ།། རྒྱུན་ལ་མཆད་པའོ།། ཆོས་རྗེས་སུ་དྲན་པ།། རྫོགས་སྷོ།། །། རྒྱ་གར་སྐད་དུ།། ས་གྷཱ་ཨ་ནུ་སྨི་ཏི།།
59b2 བོད་སྐད་དུ། དགེ་འདུན་རྗེས་སུ་དྲན་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འཕགས་པའི་དགེ་འདུན་ནི་ལེགས་པར་ཞུགས་པ།། རིགས་པར་ཞུགས་པ། མཐུན་པར་ཞུགས་པ།
59b3 རྫིང་པོར་ཞུགས་པ།། ཕྱག་འཚལ་བའི་འོས་སུ་གྱུར་པ།། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ།། ཡོན་ཏན་ཡོངས་སུ་བྱང་བ་ཆེན་པོ།། ཡོན་ཡོངས་སུ་སྤྱོད་པ། སྦྱིན་པའི་འོས་སུ་གྱུར་པ། ཀུན་གྱི་སྦྱིན་པའི་འོས་སུ་གྱུར་པའོ།།
59b4 དགེ་འདུན་རྗེས་སུ་དྲན་པ་རྫོགས་སྷོ།། །། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་སྤོང་བྱེད་ན།
59b5 ལྗོངས་རྒྱུ་ཞིང་གཤེགས་པ་དང་། གྲོང་སྤྱིལ་བུ་ཅན་དུ་བྱོན་ཏེ།། གྲོང་སྤྱིལ་བུ་ཅན་གྱི་གྲོང་གི་བྱང་ཕྱོགས་ཀྱི་ཤིང་ས་ལའི་ཚལ་ན།། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན།།
59b6 འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་དག་ནི་ཚུལ་ཁྲིམས་ཡིན་ནོ།། འདི་ནི་ཏིང་ངེ་འཛིན་ཡིན་ནོ།། འདི་ནི་ཤེས་རབ་ཡིན་ནོ།། དགེ་སློང་དག་ཚུལ་ཁྲིམས་ལ་གོམས་པར་བྱས་ན།། ཏིང་ངེ།
59b7 འཛིན་ལ་ཡུན་རིང་དུ་གནས་པར་འགྱུར་རོ།། ཏིང་ངེ་འཛིན་ལ་གོམས་པར་བྱས་ན།། ཤེས་རབ་ཐོབ་པར་འགྱུར། ཤེས་རབ་ལ་གོམས་པར་བྱས་ན། འདི་ལྟ་སྟེ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དག་ལས
59b8 སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བར་འགྱུར་རོ། ། དེ་ལྟར་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བའི་འཕགས་པའི་ཉན་ཐོས་ཀྱིས་ནི་བདག་གི་ཟག་པ་འདི་ཟད་དོ།། ཚངས་པར་སྤྱོད་པ་ནི་བསྟོན་ཏོ།།
iiif viewer powered by OpenSeadragon
59a - 60a