e-texts navigator
Collection
Volume
Page
Wylie

4b1 སྡིག་པ་ཀུན་བྱང་དགེ་ཚོགས་རྣམ་པར་འཕེལ།། བཅོམ་ལྡན་སོ་སོའི་བཀར་ལས་ཅི་འབྱུང་བ།། ཡོན་ཏན་ཁྱད་པར་ཅན་དེ་གྲུབ་པར་ཤོག། ཕྱོགས་བཅུའི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བསྟོད་ཅིང་བསྔགས་སོ།།
4b2 བལྟ་ཞིང་བརྟག་གོ། བྱང་ཆུབ་སེམས་དཔའི་བསོད་ནམས་རབ་འབྱམ་ལས་འབྱུང་བ་མ་མཉམ་པ་དང་མཉམ་པའི་མཆོད་པ་སྣ་ཚོགས་མཆོག། གཙོ་བོ། དམ་པ། ཁྱད་པར་ཅན། བཟང་པོ། གྱ་ནོམ་པ། བླ་ན་མེད་པ། མི་མཉན
4b3 པ་དང་མཉམ་པས་ཕྱོགས་བཅུའི་སྣོད་ཀྱི་འཇིག་རྟེན་ཐུར་བུར་བཀང་སྟེ། ཆོས་ཀྱི་མཆོད་པ་དང་བཅས་པས་མ་ལུས་མེ་ལུས་ལུས་པ་མེད་པའི་དཀོན་མཆོག་གསུམ་ལ་ཕྱི་མའི་མུའི་མཐར་རྟག་ཏུ་རླན་མི་འཆད་པར་མཆོད
4b4 ཅིང་འདོན་ཏོ། ། དབུལ་ཞིང་གསོལ་ལོ།། བཀུར་སྟིར་བགྱིའོ།། བླ་མར་བགྱིའོ།། རི་མོར་བགྱིའོ།། མཉེས་པར་བགྱིའོ།། བདག་ཅག་གི་སྐྱེ་བ་འདི་དང་ཐོག་མ་དང་མཐའ་མ་མ་མཆིས་པ་ནས་སྲིད་པ་གསུམ་གྱི་འཁོར་བ་ན་འཁོར
4b5 ཞིང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་གྱི་དབང་གིས་ལུས་དང་། ངག་དང་། ཡིད་ཀྱི་སྒོ་ནས་མི་དགེ་བཅུ་དང་། མཚམས་མེད་པ་ལྔ་ལ་སོགས་ཏེ། གསུང་རབ་ཀུན་ལས་འགལ་བའི་སྡིག་པ་མི་དགེ་བའི་ལས་བདག་གིས
4b6 ཅི་བགྱིས་པ་དང་། གཞན་ལ་བཅོལ་བ་དང་། གཞན་བགྱི་དཔལ་རྗེས་སུ་ཡི་རང་བ་དེ་དག་རྡུལ་ཙམ་པག་ཙམ་ཡང་མ་ལུས་པར་མཐོལ་ཞིང་བཤགས་སོ།། སྦྱངས་ཞིང་བསླད་དོ།། གཞིག་ཅིང་གདོན་ཏོ།། མི་འཆབ་པོ། མི་སྲིད
4b7 དོ། ། མི་བསྙེན་མི་བགྱིད་དོ།། དེ་ནས་དེའི་ཚེ་སྡིག་པ་ཐམས་ཅད་ནི་བྱང་། བསོད་ནམས་ཐམས་ཅད་ནི་རྫོགས་ཏེ། དུས་འདི་ནས་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། དགོངས་པའི་དབང་གིས་ཆེད་ཏུ་སྤྲུལ་པ་མ་གཏོགས
4b8 པར་ནམ་ནམ་ཞར་ཞར་ཚེ་ཚེ་རབས་རབས་སུ། ། ངན་སོང་གསུམ་ལ་སོགས་ཏེ། བགེགས་རིགས་ཐམས་ཅད་དུ་མི་སྐྱེ་མི་ལྟུང་བར་ཤོག་ཤིག། ལོག་པ་མི་དགེ་བ་ལ་མི་ཕྱོགས་པར་ཤོག་ཤིག། ལས་དང་ཉོན་མོངས




iiif viewer powered by OpenSeadragon

4a - 5a

Texts on this page

Q933 - dpang skong phyag brgya pa zhes bya ba