e-texts navigator
Collection
Volume
Page
Wylie

74a1 རྣམ་གྲངས་འདི་གང་ན་སྤྱོད་པ་དེར་ནི་སངས་རྒྱས་འབྱུང་བར་བལྟའོ། ། དེ་ན་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་བལྟའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ།། ལྷའི་བུ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ
74a2 བཞིན་ནོ། ། ཕྱོགས་གང་ན་འཇམ་དཔལ་གཞོན་ནུར་གྱུར་པ་གནས་པ་དེ་ནི་སྟོང་པ་མ་ཡིན་པར་མངོན་ནོ།། གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྲོད་པར་འགྱུར་བ་དེ་ནི་དེ་བཞིན་གཤེགས་པ་ཆོས་ཀྱི་བདག་པོ་ཉིད་བརྩོན་པར་མཛད་དོ།། གང
74a3 ཆོས་ཀྱི་རྣམ་གྲངས་འདི་ལ་ཉན་པར་བྱེད། མོས་པར་བྱེད་པའི་སེམས་ཅན་དེ་དག་ནི་ངའི་ཡིན་པར་འགྱུར་རོ།། གང་དག་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། མོས་པའི་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པས་འདུལ་བར་བལྟའོ།།
74a4 གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས
74a5 པ་དང་། གནས་བརྟན་འོད་སྲུངས་ཆེན་པོ་དང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། སྐྱེས་བུ་དམ་པ་དག་ཇི་ཙམ་དུ་ཆོས་ཀྱི་རྣམ་གྲངས་འདི་བླང་པ་དང་། གཟུང་བ་དང་། བཤད་པ་དང་། ཀུན་ཆུབ་པར་བྱེད་པའི་ཕྱིར
74a6 ཁྱེད་ལ་གཏད་དོ། ། ང་ནི་རིང་པོར་མི་ཐོགས་པར་ཡོངས་སུ་མྱ་ངན་ལས་འདའ་བ་འགྱུར་གྱིས། དེའི་ཕྱིར་ཁྱེད་ཀྱིས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བྱ་བའི་ཆོས་ཀྱི་རྣམ་གྲངས་འདིས་གནས་པར་གྱིས་ཤིག། བྱམས་པས
74a7 གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་གཟུང་ལགས་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས
74a8 པ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་གཞི་བ་སྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་ལམ་དང་། བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བ་ཟུང་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས




iiif viewer powered by OpenSeadragon

73b - 74b

Texts on this page

Q918 - 'phags pa bzhi pa sgrub pa zhes bya ba theg pa chen po'i mdo