| | e-texts navigator
|
73a1 དཔལ་གཞོན་ནུར་པ་ལ་ལྷའི་བུ་དཔལ་བཟངས་ལྡན་གྱིས་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་ཁྱོད་ཀྱིས་མཛད་པ་མཛད་ཅིང་སེམས་ཅན་ཚད་མེད་པ་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་པ་ལེགས་སོ་ལེས
73a2 སོ། ། འཇམ་དཔལ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཡོངས་སུ་སྨིན་པར་བགྱིད་པའི་ཆོས་ལས་བརྩམས་ཏེ་སྤོབས་པར་མཛོད་ཅིག། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམ
73a3 ཀྱི་བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་པའི་ཆོས་ནི་སུམ་ཅུ་རྩ་ལྔའོ། ། སུམ་ཅུ་རྩ་ལྔ་གང་ཞེ་ན། འདི་ལྟ་སྟེ། དུས་སུ་བསྐུལ་བ་དང་། ཆོད་ལ་བསྐུལ་བ་དང་། ངན་པ་ན་བསྐུལ་བ་དང་། དབང་པོ་ལ་བསྐུལ་བ་དང་། བརྟན་པར
73a4 བསྐུལ་བ་དང་། ཕ་རོལ་ཏུ་ཕྱིན་པ་ལ་བསྐུལ་བ་དང་། ཐབས་ལ་བསྐུལ་བ་དང་། ལྷག་པའི་བསམ་པ་ལ་བསྐུལ་བ་དང་། བྱམས་པ་ཆེན་པོ་ལ་བསྐུལ་བ་དང་། སྙིང་རྗེ་ཆེན་པོ་ལ་བསྐུལ་བ་དང་། ཐེག་པ་ཆེན་པོ་ལ་བསྐུལ
73a5 བ་དང་། ཐེག་པ་དམན་པ་ལ་བསྐུལ་བ་དང་། བདེན་པ་ལ་བསྐུལ་བ་དང་། དེ་བྱ་བ་ལ་བསྐུལ་བ་དང་། ཆོས་བསྲུང་བར་བསྐུལ་བ་དང་། ཐོས་པ་བསྟན་པར་བསྐུལ་བ་དང་། སེམས་ཅན་སྣ་ཚོགས་སུ་མི་དབྱེ་བར་བསྐུལ་བ་དང་།
73a6 ཚུལ་ཁྲིམས་འཆལ་བ་དང་། ཚུལ་ཁྲིམས་དང་། ལྡན་པ་ལ་སྦྱིན་པའི་གནས་སུ་མཚུངས་པར་བསྐུལ་བ་དང་། བདུད་ཀྱི་ལས་བསྟན་པར་བསྐུལ་བ་དང་། དེ་བཅས་པ་ཉམས་འོག་ཏུ་ཆུད་པར་སྐུལ་བ་དང་། འཁོར་བས་ཡོང
73a7 སུ་མི་སྐྱོ་བར་བསྐུལ་བ་དང་། བདུད་གདུལ་བར་བསྐུལ་བ་དང་བྱས་པ་ཤེས་པ་དང་། བྱས་པ་བཟོ་བར་བསྐུལ་བ་དང་། རྒྱུ་ཟད་པ་ལ་འཇུག་པར་བསྐུལ་བ་དང་། རྣམ་པར་ཐར་པའི་སྒོ་ལ་མི་འཇིགས་པར་བསྐུལ་བ་དང་། དེ
73a8 བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བར་སྒྲོལ་བ་དང་། སེམས་ཅན་ཐམས་ཅད་ལ་ཅི་བྱ་སྙམ་པ་ལ་སྤྲོ་བར་སྐུལ་བ་དང་། འཇིག་རྟེན་གྱི་ཆོས་དང་མ་འདྲེས་པར་སྐུལ་བ་དང་། དགོན་པ་ལ་དགའ་བར་བསྐུལ
iiif viewer powered by OpenSeadragon
72b - 73b