e-texts navigator
Collection
Volume
Page
Wylie

40a1 འགྱུར་རོ།། ཉམ་པ་ཉིད་ལ་སེམས་ཅན་འདྲ་བར་འགྱུར་རོ།། དྲང་སྲོང་ཆེན་པོ་ཐེག་པ་གཅིག་གིས་འབྱུང་བ་ལ་སེམས་ཅན་འདྲ་བར་འགྱུར་རོ།། བྱང་ཆུབ་ཀྱི་སྙིང་པོ་ལ་སེམས་ཅན་འདྲ་བར་འགྱུར་རོ།།
40a2 དྲང་སྲོང་ཆེན་པོ་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སེམས་ཅན་འདྲ་བར་འགྱུར་རོ།། དྲང་སོང་ཆེན་པོ་འདི་ལྟ་སྟེ། དཔེར་ན་ཆུ་ཀླུང་ཐ་དད་པ་དང་། ཀླུང་ཕྲན་དང་། ཀླུང་ཆེན་པོ་དག་རྒྱ་མཚོ་ཆེན་པོ་རབ་བན
40a3 རོ་གཅིག་ཏུ་འགྱུར་རོ། དྲང་སྲོང་ཆེན་པོ་དེ་བཞིན་དུ་སེམས་ཅན་གྱི་ཁམས་ཇི་སྙེད་ཟག་པ་ཟད་པ་བྱེད་པ་དེ་དག་རྣམ་པར་གྲོལ་བའི་དང་དུ་གྱུར་པས་འདྲ་བར་འགྱུར་རོ།། དྲང་སྲོང་ཆེན་པོ་འཁོར་བར་འདྲ་བའི་སེམས་ཅན་འང་བར
40a4 འགྱུར་བ་ནི་འདུ་བ་མ་ཡིན་པའོ་ཞེས་ང་སྨྲའོ། ། དྲང་སྲོང་ཆེན་པོ་འདི་ལྟ་སྟེ། དཔེར་ན་རླུང་གིས་བདས་ནས་ཕྱེ་མ་ལེབ་ཕྱི་བཞི་ལ་འདྲ་བར་འགྱུར་ཏེ། རླུང་མེད་ན་སོ་སོར་འགྱེས་སོ།། དྲང་སྲོང་ཆེན་པོ་དེ་བཞིན་དུ་སེམས་ཅན་དམྱལ
40a5 བར་འགྲོ་བར་འགྱུར་བར་ཕན་ཚུན་ལས་འབྲེལ་བའི་སེམས་ཅན་གྱི་ཁམས་དེ་དག་ཀྱང་དེར་འདུ་བར་འགྱུར་རོ། ། དྲང་སྲོང་ཆེན་པོ་རྣམས་གྲངས་འདི་ལྟ་བར་ཕན་ཚུན་ལས་ཀྱིས་འབྲེལ་བ་དག་ཡི་དགས་སུ་སྐྱེ་བར་འགྱུར། 8
40a6 འགྲོར་སྐྱེ་བར་འགྱུར་ཏེ། དེར་དེ་དག་འདྲ་བར་འགྱུར་རོ།། དྲང་སྲོང་ཆེན་པོ་ལྷ་དང་མི་རྣམས་སུ་དེ་དག་འདུ་བར་འགྱུར་རོ།། དྲང་སྲོང་ཆེན་པོས་གསོལ་པ། ཐམས་ཅད་ཟིལ་གྱིས་གནོན་པ། ཐམས་ཅད་མཁྱེན་པ། ར
40a7 སྐྱེས་པ་འདི་སེམས་ཅན་ཆེག་མོ་ཞེས་བགྱི་བཞིག་དང་འདུས་པར་གྱུར་ཏོ། ། དུང་འགྲོར་སྐྱེས་པ་འདི་ཞེས་བགྱི་བ་ནས་ཡི་དགས་སུ་སྨྲས་པ་འང་འདས་པར་གྱུར་ཏེ་ཞེས་བགྱི་བའི་བར་དུ་ཇི་ལྟར་འཚལ་བར་བགྱི་བ་བཀའ་སྩོལ
40a8 ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་སེམས་ཅན་གང་ཞིག་སེམས་ཅན་གང་དང་ལྷན་ཅིག་ཏུ་སེམས་ཅན་དམྱལ་བར་སྐྱེ་ནས་འདུས་པར་གྱུར་པ་དེས་དེ་མཐེར་ན་ཡོད་མི་བདེ་བར་འགྱུར། ཞེ་སྡང་བར




iiif viewer powered by OpenSeadragon

39b - 40b

Texts on this page

Q912 - 'phags pa don dam pa'i chos kyi rnam par rgyal ba zhes bya ba theg pa chen po'i mdo