e-texts navigator
Collection
Volume
Page
Wylie

39a1 པའི་བསྐལ་པ་མོ་འབྱིན་ཏེ། འདིར་སེམས་ཅན་གངལ་ཡང་གནད་པར་མི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་དྲང་སྲོང་ཆེན་པོ་མོ་སྨིན་གྱིས་འདི་མེད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསྐལ་པས།།
39a2 སྲེགས་པའི་མེ་བྱུང་ཡང་སེམས་ཅན་གང་ལ་ཡང་གནོད་པར་མི་འགྱུར་བ་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་གང་ལ་ཡང་གནོད་པར་མ
39a3 མཛད་དོ། ། དྲང་སྲོང་ཆེན་པོ་འདི་ལྟ་སྟེ། དཔེར་ན་ཕྱོགས་བཅུ་རྣམས་སུ་ཆར་ཕྲ་མོའི་རྒྱུན་འབབ་པ་དེ་བས་ནི་དྲང་སྲོང་ཆེན་པོ་དེ་བཞིན་གཤེགས་པ་རྣམས་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཉེ་བར་གནས
39a4 ཏེ། རང་གི་ལག་གིས་སེམས་ཅན་ཐར་བར་བྱེད་པ་ནི་ཆེས་མེད་དོ།། དྲང་སྲོང་ཆེན་པོ་དེའི་ཚེ་སེམས་ཅན་དེ་དག་གིས་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་གི་གཟུགས་ཀྱང་མཐོང་། ཁ་དོག་མཛེས་པ་ཡང་མཐོང་།
39a5 བསྐལ་པས་བསྲེགས་པའི་འཇིགས་པ་ལས་བདག་ཉིད་སྒྲོལ་བ་ཡང་མཐོང་ནས་དགའ་བ་དང་། མཆོག་ཏུ་དགའ་བ་སྐྱེས་ཏེ་འདི་སྐད་ཅེས་བདག་ཅག་ཀྱང་འདིར་ལྟར་སྒྲོལ་བ་པོར་གྱུར་ཅིང་བདག་ཅག་ཀྱང་འདི་ལྟར་གཟུགས
39a6 མཛེས་པར་གྱུར་ཅིག། བདག་ཅག་ཀྱང་འདི་ལྟར་ཁ་དོག་མཛེས་པར་གྱུར་ཅིག་ཅེས་འཛེར་ཏེ། ཁ་ཅིག་ནི་ཡིད་བྱུང་ནས་སེམས་རྣམ་པར་གྲོལ་ཏེ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱེད། ཁ་ཅིག་ནི་ལན་ཅིག་ཕྱིར་འོང
39a7 པའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱེད། ཁ་ཅིག་ནི་དགྲ་བཅོམ་པ་ཉིད། ཁ་ཅིག་ནི་རང་བྱང་ཆུབ།། ཁ་གཅིག་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ། ཁ་གཅིག་ནི་ཕྱིར་མི་ལྡོག་པའི་ས་གནོན། ཁ་ཅིག་ནི
39a8 རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ། ཁ་ཅིག་ནི་སུམ་ཅུ་རྩ་གསུམ་དུ། ཁ་ཅིག་ནི་མཚེ་མར། ཁ་ཅིག་ནི་དགའ་ལྡན་དུ། ཁ་ཅིག་ནི་འཕྲུལ་དགའ། ཁ་ཅིག་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེའོ།། དྲང




iiif viewer powered by OpenSeadragon

38b - 39b

Texts on this page

Q912 - 'phags pa don dam pa'i chos kyi rnam par rgyal ba zhes bya ba theg pa chen po'i mdo