| | e-texts navigator
|
38a1 གསོལ་པ། གཽ་ཏམ་བཀའ་མཆིད་རེ་ཤིག་ཞོག། གཽ་ཏ་མའི་སྲས་ཀྱིས་ཕ་མ་འགྲོགས་པ་ལས་སེམས་ཅན་སྐྱེ་བོ་ཞེས་གསུངས་ན། སེམས་ཅན་མང་དུ་འགྲོགས་པ་ལ་སེམས་ཅན་སྐྱེ་བ་ཉུང་བར་གྱུར་པ་འདི་ཇིལ
38a2 བུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ལ་དཔེ་བསྟན་པར་བྱའོ།། དྲང་སྲོང་ཆེན་པོ་འདི་ལྟ་སྟེ། དཔེར་ན་ས་བོན་གཅིག་ལས་ཤིང་སྐྱེ་བར་འགྱུར་ཏེ། འབྲས་བུ་གཅིག་ལས་ཀྱང་འབྲས་བུ་མཐའ་ཡས་པར་འགྱུར་རོ།།
38a3 དེ་ལ་རེས་འགའ་ནི་གཙིག་ས་བོན་གྱི་འོས་སུ་འགྱུར་གྱི་ལྷག་མ་ས་བོན་གྱི་འོས་སུ་མི་འགྱུར་བ་དེ་ཇི་ལྟ་བུ། དྲང་སྲོང་ཆེན་པོས་གསལ་པ། ཀྱེ་གཽ་ཏ་མ་རླུང་དང་ཉི་མས་ཤིང་ཏོག་རྣམས་མ་རུང་བར་བགྱིས་སོ།། བཅོམ་ལྡན་འདས
38a4 ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་དེ་དེ་བཞིན་ཏེ། ལས་ཀྱི་རླུང་གིས་ཀྱང་སེམས་ཅན་གྱི་འབྲས་བུ་རྣམས་མརུང་བར་བྱས་སོ།། དྲང་སྲོང་ཆེན་པོ་ཁ་ཅིག་ནི་མངལ་ན་གནས་པ་ཉིད་ཀྱི་ཚེ་སྲིན་བུ་རྣམས་ཀྱིས་ཟོས་སོ།། ཁ་ཅིག་ནི
38a5 ལས་ཀྱི་རླུང་རྣམས་ཀྱིས་ཕྱེ་མར་བྱས་སོ། ། དྲང་སྲོང་ཆེན་པོ་ཤིང་གཉིས་པ་ནི་ཉུང་ངོ་།། སེམས་ཅན་གྱི་ཉེས་པ་ནི་མང་ངོ་།། དྲང་སྲོང་ཆེན་པོ་ཡང་སེམས་ཅན་གྱི་ཁམས་ནི་ཡོངས་སུ་རྟོག་པ་ནས་ཀུན་ནས་བསླང་བ་སྟེ། དྲང་སྲོང
38a6 ཆེན་པོ་སེམས་ཅན་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བ་འཇུག་པ་ཇི་སྙེད་པ་དེ་སྙེད་དུ་སྲིད་པ་ལ་དམིགས་ཏེ། དྲང་སྲོང་ཆེན་པོ་དེའི་ཕྱིར་སེམས་ཅན་གྱི་ཁམས་ནི་ཡོངས་སུ་རྟོག་པས་ཀུན་ནས་བསླང་བའོ།། ཞེས་པ་སྨྲའོ།། དྲང
38a7 སྲོང་ཆེན་པོས་གསོལ་པ། ཀྱེ་གོ་ཏ་མ་དེ་དེ་བཞིན་ཏེ། ཞུ་བ་བརྗོད་པ་དེ་ནི་རྣམ་པར་དག་གོ། ཅིའི་སླད་དུ་བསྐལ་པས་བསྲེག་པར་འགྱུར་བ་དཀའ་སྩོལ་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་ཆོས་ཀཽ་དབྱིངས
38a8 འདུས་མ་བྱས་པའི་ཕྱིར་བསྐལ་པས་སྲེག་པར་འགྱུར་རོ། ། དྲང་སྲོང་ཆེན་པོ་གལ་ཏེ་བསྐལ་པས་སྲེག་པར་མི་འགྱུར་ན་ཆོས་ཀྱི་དབྱིངས་གཉིས་སུ་འགྱུར་ཏེ། ལ་ལ་མེ་རྟག་ལ། ལ་ལ་རྟག་པར་འགྱུར་རོ།། དེའི་ཚེ་དེ་བཞིན་གཅེས
iiif viewer powered by OpenSeadragon
37b - 38b