e-texts navigator
Collection
Volume
Page
Wylie

35b1 ཤི་། རྩ་ཀ་ཤིའི་མེ་ཏོག་གི་ནང་ན་མན་དཱ་ར་བའི་ཡལ་ག་དང་འདྲ་ལ། ནམ་མཁའ་ལྡིང་གི་རྒྱལ་པོ་བྱ་རོག་གིས་བསྐོར་བ་དང་འདྲ་བར་བཅོམ་ལྡན་འདས་དྲང་སྲོང་རྣམས་ཀྱི་ནང་ན་ཉིས་འགྱུར་དུ་མཛེས་སོ།། དེ་ནས་བཅོམ་ལྡན་འདས་རིན
35b2 པོ་ཆེའི་གཏོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་དཔག་ཏུ་མེད་པར་མཛད་ཅིང་བློ་གཡས་གཡོན་གཉིས་ནས་འོད་ཟེར་ཕྱུང་སྟེ། དེ་བཞིན་གཤེགས་པ་བྱེ་བ་དཔག་ཏུ་མེད་པ་ཕྱུང་། བྱང་ཆུབ
35b3 སེམས་དཔའ་བྱེ་བ་དཔག་ཏུ་མེད་པ་དང་། བཎྜ་བྱིན་དང་ཚངས་པ་དང་། འཇིག་རྟེན་སྟོང་བ་དཔག་། ལྔ་འུས་བཅོམ་པརྒྱ་སྟོང་དཔག་ཏུ་མེད་པ་བྱུང་།། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྟན་མ་བརྒྱ
35b4 བུ་མེད་པ་ཕྱུང་། འཁོར་ལོས་བསྒྱུར་བ་དང་། སྟོབས་ཀྱི་འཁོར་ལོས་བསྒྱུར་བ་དང་། ཁམས་ཀྱི་རྒྱལ་བཾ་དང་། རིགས་སྔགས་འཚང་དཔག་ཏུ་མེད་པ་ཕྱེད། རྒྱ་དང་། རི་བྲགས་པ་དང་། འགྲོ་ལྡིང་བ་དང་། ལྷོ་ཕྱོགས་པ་དང་། ནགས་ཁྲོད
35b5 པ་དཔག་ཏུ་མེད་པ་ཕྱུང་། རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དང་། བྲམ་ཟེ་དང་ཁྱིམ་བདག་ཤིང་ས་ལ་ཆེན་པོ་ལྟ་བུ་དང་། མི་གཟུགས་དང་། ཆ་བྱད་དང་། མདོག་དང་། སྨྲ་བའི་སྐད་སྣ་ཚོགས་པ་ཇི་སྙེད་པ་དང་། ལྷའི་རིས་ཇི
35b6 སྙེད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་ལས་ཕྱུང་ངོ་རོ། ། དེ་ནས་འཁོར་ཆེན་པོ་དེ་ཐེ་ཙོམ་དུ་གྱུར་ནས་ཕན་ཚུན་གདོང་དུ་བལྟའོ།། བྱང་ཆུབ་སེམས་དཔའ་རྣམས་རབ་ཏུ་དགའ་སྟེ། རིན་པོ་ཆེའི་ཆར་འབེབས
35b7 པ་ནས་རྒྱན་ཐམས་ཅད་ཀྱི་བར་གྱི་ཆར་འབེབས་སོ། ། དེ་ནས་བཅོམ་ལྡན་འདས་རིན་པོ་ཆེ་གཏོང་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ། སེང་གེ་བགྱིངས་པས་ཕྱོགས་བཅུར་རྣམ་པར་གཟིགས་སོ།། བཅོམ་ལྡན་འདས་ཀྱིས
35b8 པ་ཧཡོགས་བཅུར་གཟིགས་མ་ཐག་ཏུ་དེ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དག་ནས་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་སངས་རྒྱས་ཀྱི་སྤྱན་ལ་སྣང་བ་དེ་དག་ཐམས་ཅད་ལག་མཐིལ་དུ་བཞག་པ་བཞིན་དུ་མི་མཇེད་ཀྱི




iiif viewer powered by OpenSeadragon

35a - 36a

Texts on this page

Q912 - 'phags pa don dam pa'i chos kyi rnam par rgyal ba zhes bya ba theg pa chen po'i mdo