e-texts navigator
Collection
Volume
Page
Wylie

15b1 ཅོག་གང་བོ་ཉིད་གཙང་མ་གཅིག་ལ་འདུས་པའི་ཕྱིར་རོ། ། གཅིག་པུ་འདི་མཐོང་བའི་ཕྱིར་རོ།། གཅིག་པུའང་མཐོང་ན་སངས་རྒྱས་ཐམས་ཅད་ཀྱི་ལུས་མཐོང་ངོ་།། ཅིའི་ཕྱིར་ཞེས་བྱས་ན། སངས་རྒྱས་སོ་ཅོག་གི་ལུས་ནི
15b2 གཙང་མ་གཅིག་ལས་བྱུང་བའི་ཕྱིར་རོ། ། གཙང་མ་གཅིག་གིས་ནི་སངས་རྒྱས་གཅིག་གི་ལུས་དང་། སངས་རྒྱས་ཀྱིས་གཅིག་དང་། བྱང་ཆུབ་ཀྱི་སྡོང་པོ་གཅིག་ཡིན་ནོ།། རིགས་ཀྱི་བུ་པོ་ཆོས་འདིའི་ནང་ནས་མྱ་ངན
15b3 འཁྲུག་པའི་རྣམས་བཅད་པ་ནི་དཔེར་སྡོང་པོ་བཅད་པ་དང་མཚུངས། རྩ་བ་འབའ་ཤིག་བཅད་ཀྱི་ཡལ་ག་དང་མདབ་མ་མི་སྤྱོད་དོ།། ཅིའི་ཕྱིར་ཞེས་བྱས་ན། དཔེར་མི་ལ་ལ་ཞིག་ལུས་ལ་དུག་འདས་ཕོག་སྟེ། ལུས་ན
15b4 ཚ་བ་ལ་མདའ་ཕྱུང་ན་ནི་ནད་ཀྱང་སོས་སོ། ། མདའ་མ་ཕྱུང་ན་ནི་ནད་ཀྱང་མི་སོས་སོ།། དེ་ལ་བསྡད་དེ་མདའ་དེ་ནི་སྒྲོན་ཅིའི་སྒོ། གཅིག་ཏུ་ན་དེའི་སྨྱུག་རི་གང་ལས་བྱུང་། མདའ་དེ་སུས་འཕངས་ཤེས་འདི་ན་དེའི་བར་དུ་མི་དེ
15b5 ན་ཚ་བས་ཚེ་སྲོག་ཟད་ཟིན་ཏོ། ། དེའི་འོག་ཏུ་མདའ་ཕྱུང་བ་ནི་ཕན་པ་མེད་པར་མངོན་ནོ།། རིགས་ཀྱི་བུ་པོ་སེམས་མོས་བཞིན་དུ་ཁྲུས་ཤིག། སེམས་གཙད་མར་འདུག་ན་དེའི་མིང་ནི་གཙང་གདང་ཞེས་བྱའོ།། འདུ
15b6 མཆེད་ཀྱི་རྣམས་གཙང་གདང་ན་ཡོད་པ་ལ་ཆགས་པའི་རྣམས་དང་བྲལ་ཏེ། ཆགས་པ་མེད་པའི་ནང་དུ་ཆུད་པར་ནུས་སོ།། ཅིའི་ཕྱིར་ཞེས་བྱས་ན། ཕྱི་མོ་སེམས་ཅན་ལ་བསླབས་ཏེ། སྨན་བཟང་པོ་འདི་བཤད་དེ།། །
15b7 ནད་ཀྱི་རྣམས་གསོས་ལ་ཀུན་སོས་པར་འཚལ་ལོ།། ཡང་གཅིག་ཏུ་ན་ཆོས་ཀྱི་ཡི་གེ་འདིའི་རྡོ་རྗེའི་ཤེས་རབ་ཀྱི་རལ་གྲིས་སེམས་ཅན་རྣམས་ཀྱི་མ་རིག་པའི་ཡིད་བྲེག་གོ། ཡང་གཅིག་ཏུ་ན་ཆོས་ཀྱི་ཡི་གེ་འདི་གཅད
15b8 ག་དང་པའི་ཆོས་སྤྱད་དེ། སེམས་ཅན་རྣམས་ཀྱི་གདུག་པ་གསུམ་གྱི་རིམ་བརྡབ་ཅིང་བསལ་ལོ།། ཡང་གཅིག་ཏུ་ན་ཆོས་ཀྱི་ཡི་གེ་འདི་ཤེས་རབ་ཀྱི་སྟོབས་པོ་ཆེ་སྤྲད་དེ། སེམས་ཅན་དཀྲིས་པ་བཅུས་བཅིངས་པ་གྲོལ




iiif viewer powered by OpenSeadragon

15a - 16a

Texts on this page

Q909 - dam pa'i chos kyi rgyal po theg pa chen po'i mdo