e-texts navigator
Collection
Volume
Page
Wylie

303b1 ཀྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཐོ་འཚམ་པར་བགྱིད་པའི་རྒྱལ་རིགས་གདོལ་པ་དེ་དག་ལ་བདག་ཅག་ཅི་དགའ་བགྱིད་དུ་སྩལ་དུ་གསོལ། བདག་ཅག་རང་རང་གི་གནས་ན་རྩེད་མོ་ལ་ཆགས་ཤིང
303b2 ཡོངས་སུ་སྤྱོད་པར་བགྱིད་དམ། དགའ་སྐྱིད་ཉམས་སུ་མྱོང་བར་བགྱིད་ན་བདག་ཅག་ཀྱང་མནའི་ཁོངས་སུ་གཏོགས་པར་གྱུར་ཅིག། དེའི་ཚེ་ཐམས་ཅད་དང་ལྡན་པའི་འཁོར་ཇི་སྙེད་ལྷགས་པ་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ།
303b3 བྱིན་ནོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས་བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་ཏིང་ངེ་འཛིན
303b4 ཐམས་ཅད་ལ་རྣམ་པར་རྩེ་བ་མངོན་པར་ཤེས་པའི་རྒྱལ་མཚན་གྱི་སྲོག་ཤིང་ཞེས་བྱ་བའི་གཟུངས་ཀྱི་སྒོ་ཆེན་པོ་བཤད་པར་བགྱི་སྟེ། རྒྱལ་མཚན་གྱི་སྲོག་ཤིང་ཞེས་བྱ་བའི་གཟུངས་ཆེན་པོ་སྒོ་གང་གི་རྣ་ལམ་དུ་གྲགས་པ་དེའི་རྔ
303b5 བའི་ནད་དག་རབ་ཏུ་ཞི་བར་བགྱིད་དོ། ། དེའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་ཉོན་མོངས་པ་རྣམས་རབ་ཏུ་ཞི་བར་བགྱིད་དོ།། གལ་ཏེ་ན་བསྲབས་པར་འགྱུར་རོ།། རྒྱ་མཚོའི་ཀུན་པ་མན་ཛན་ལ་གསང་སྔགས
303b6 ཀྱི་ཚིག་འདིམ་ནུ་འབུམ་ཟླས་བརྗོད་བགྱིས་ནས་རྒྱལ་རིགས་ཀྱི་རྡུལ་བསྡུས་ནས་ཛ་དེའི་སྒྲག་དག་དག་གི་རྡུལ་མ་དུ་གྲགས་པ་དེ་དང་དེའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་ཉོན་མོངས་པ་རྣམས་བསྲབས་པར་འབྱུང་།
303b7 དེདང་དེ་དག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཤིན་དུ་དགའ་ཞིང་བསྐུང་སྟོང་ང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དག་དུ་ཐོབ་པར་འགྱུར་རོ།། ཆོས་ཀྱི་རྗེས་སུ་འབྲང་བས་འཇུག་པརཔ་གྱུར་རོ།། འཇིག་རྟེན་པ་ས་ལ་བ་དང་།
303b8 སྤྱོད་དང་། ཡོངས་སུ་སྤོང་བ་དང་མི་འབྲལ་ལ་སེམས་ཅན་ཐམས་ཅད་ཀྱི་མིག་ཏུ་འོང་བ་དང་། སྙིང་དུ་སྡུག་པར་འགྱུར་རོ།། ཏད་ཡ་ཐཱ། པཱུརྦ་མཱརྒ་ཨ་མ་ལོ་མ་ཏི། ཀྵིད་ཏི་ལི། བྷཱུ་བཻ་བ་ན་ཁ་ན། ཌཾ་དུ་ར་མ་ཁི་ལཾ། མདས་དུ་ལཾ། གོ་ར་སན་དྷ་ན།




iiif viewer powered by OpenSeadragon

303a - 304a

Texts on this page