e-texts navigator
Collection
Volume
Page
Wylie

303a1 ནས་ཐན་བཅོམ་ལྡན་འདས་ཀྱི་སླད་དུ་སྐབས་སུམ་ཆེས་ནས་ཉེ་བར་གནས་པ། སྒྲ་བྲགས་ཏི་གོས་ངུར་སྒེག་བགོས་པ་ལ་ཐོ་འཚམས་པ་དག་འབྱུང་སྟེ། བཅོམ་ལྡན་འདས་ཀྱི་ཀྱང་ཏུརབ་ཏུ་བྱུང་བ་སངས་རྒྱས་ཐམས་ཅད་ཀྱིས
303a2 བྱིན་གྱིས་བརླབས་པ། དཀོན་མཆོག་གསུམ་གྱི་གདུང་འབར་བར་བགྱིད་པ་དག་ཡོ་འཚམ་པའི་རྒྱལ་རིགས་གདོལ་པ་དེ་དགཏིང་ངེ་འཛིན་གྱི་དབང་གིས་མནས་བསྒག་པར་བགྱི་བ་ནི་ལོངས་སྤྱོད་ཀྱིས་འཁྲུགས་པར་གྱུར་ཅིག། རྒྱལ་ཕྲན
303a3 གྱིས་འཁྲུགས་པར་གྱུར་ཅིག། རྒྱལ་པོས་འཁྲུགས་པར་གྱུར་ཅིག། ནང་དམག་དང་། ཕ་རོལ་གྱི་དམག་ཚོགས་དག་གིས་འཁྲུགས་པར་གྱུར་ཅིག། ཆུ་མེད་པས་འཁྲུགས་པར་གྱུར་ཅིག། ནད་ཀྱིས་འཁྲུགས་པར་གྱུར་ཅིག། གཟས
303a4 འཁྲུགས་པར་གྱུར་ཅིག། བྱ་མ་རྟས་འཁྲུགས་པར་གྱུར་ཅིག། རྩེ་དགས་འཁྲུགས་པར་གྱུར་ཅིག། པ་ཚན་གྱིས་འཁྲུགས་པར་གྱུར་ཅིག། འཁོར་གྱིས་འཁྲུགས་པར་གྱུར་ཅིག། འབྱུང་བ་ཆེན་པོས་འཁྲུགས་པར་གྱུར་ཅིག། ཡི
303a5 དགས་མཐུ་བོ་ཆེས་འཁྲུགས་པར་གྱུར་ཅིག་ཅེས་བགྱི་བ་ནས། རྒྱལ་རིགས་ཀྱིས་འཁྲུགས་པར་གྱུར་ཅིག། བྲམ་ཟེ་དང་། དམངས་རིགས་དང་། བུད་མེད་དང་། སེང་གེ་དང་། སྟག་དང་། སྤྱང་ཀི་དག་གིས་འཁྲུགས་པར་གྱུར་ཅིག་ཅེས
303a6 བགྱི་བའི་བར་དུ་རྒྱལ་རིགས་གདོལ་པ་དེ་དག་མ་ན་ས་བསྒག་པར་བགྱི་ལགས་སོ། ། ཏད་ཡ་ཐཱ། བ་ནེ་ཡ་བན་བ་ལེ། མ་ཧཱ་བརྟ་ན་ཏཻ། དྲུ་མ་ཙྪ་ཊེ། ཀུ་སུ་མ་པ་ར་ཊེ་ཡུག་ཏ། སམ་བྷཀྵེ་བི་མཱ་དྲི་བི་ཀྵེ། ས་ལཱི་བ་ན་ཡ། བ་རི་བེ་རེ། བྷཱུ་མི་དྲུ་ཀྲ་མ
303a7 ནཻནེ་རན་ཏ་ན། ཛ་སེ་ལ་མེན་དྲྀ། པི་མ་བ་ཏ་མ་ཤྲ་མ་ཛྲེ། ན་ཡན་ཧིང་ཀུ་ལེ། བེ་བད་ཚ། བྷི་སེ། དྷ་ན་མུ་ཙེ། སང་ག་བྱོ་ཀྵཾ། བ་ལ་མིན་དྷ་ད་ལེ། བྷཱུ་མི་བཥྚེ། རེ་མ་ད་ལཻ། བན་ག་ཛེ། ཏུ་ཊ་བ་ཊེ། ཨ་བ་ཊེ་དྷ། ན་ཡ་དྲིཥྚི། ཛི་ཧཱ་ཀྲ་ནེ། ཨུ་ཏར
303a8 ཀྵེ། གན་དྷ་ར་བྷེ་སེ་མེ་སྭཱ་ཧཱ། གང་དག་རྒྱལ་རིགས་གདོལ་པ་འཇིག་རྟེན་ཕ་རོལ་ལ་མི་ལྟ་ཞིང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ལ་ཐོ་འཚམ་པ་དེ་དག་དེ་ལྟར་གྱུར་ཅིག། དེའི་ཚེ་ཐམས་ཅད་དང་ལྡན་པ་འདྲ་ཟའི་འཁོར་རྣམ




iiif viewer powered by OpenSeadragon

302b - 303b

Texts on this page