| | e-texts navigator
|
301b1 ཙ་ར་མ་ཧི་ཀེ། ཙ་ལ་གེ། ནཱ་ན་དད་ཏྲེ། ཀཌྷ་ཀ་ཧུ་ལེ་སྭཱ་ཧཱ། སྔར་ཇི་སྐད་གསུངས་པའི་བར་དུའོ།། དེའི་ཚེ་ཀླུའི་རྒྱལ་པོ་ཡིད་བཟངས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ།
301b2 བཙུན་པ་བཅོམ་ལྡན་འདས་བདག་ལ་རྟེན་པའི་ཀླུ་དང་། ཀླུ་ཆེན་པོ་དེ་དག་ནི་སྒོ་ང་ལས་སྐྱེ་བ་དང་། མངལ་ནས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བ་དག་ལགས་སོ།། བཙུན་པ་བཅོམ་ལྡན་འདས་ད་ལྟར་དང་། མ་འོངས་པའི་དུས་ན
301b3 རྒྱལ་རིགས་གདོལ་པ་དེ་དག་གིས་རྒྱལ་རིགས་ཀྱི་ཆོས་སྤངས་ནས་དམངས་རིགས་ཀྱི་ཆོས་རྣམས་སྤྱད་པར་བགྱིད་དེ། སེམས་ཅན་དམྱལ་བ་མནར་མེ་མཆིས་པའི་བར་དག་ལ་གཞོལ་བར་གནས་སོ།། རྒྱལ་རིགས་གདོལ་པ་དེ་དག་གི་སྐྱོན་གྱིས
301b4 ཀཱ་རྣམས་ས་ནོངས་བཞིན་དུ་གྲགས་པ་མ་ལགས་པར་གོས་པར་འགྱུར་ལགས་ས། ། ཀླུ་དེས་ན་ཀླུ་རྣམས་ལས་ཀྱི་སྒྲིབ་པ་དག་བགྱིད་པར་འགྱུར་ལགས་སོ།། དེ་ལྷ་ལགས་པས་བདག་ཅག་གིས་ནི་བཅོམ་ལྡན་འདས་ཀྱི་བཀའས་བསུང་གྱི
301b5 ཞིང་བཟུང་བར་བགྱི་སྟེ། ། དཔེར་བགྱི་ན་འཁོར་ལོས་སྦྱར་བའི་རྒྱལ་པོ་དེས་ཡུལ་གྱི་བུད་མེད་བཟང་མོ་ཁྲུས་ལེགས་པར་བགྱིས་ཏེ་སྤོས་ཀྱིས་བླུགས་ནས་གོས་མཆོག་ཏུ་བཟང་བསྐོན་ཏེ། ཡན་ལག་གི་དམ་པ་མགོ་བོ་ལ་རིན་པོ་ཆེ་སྣ་བདུན
301b6 ལས་གྲུབ་པའི་ཕྲེང་བ་མང་པོ་དག་བཏགས་ཤིང་དཔུང་རྒྱན་དང་། གསེར་སྐུད་དང་། སོར་གདུབ་དང་། ལག་རྒྱན་དང་། རྐང་རྒྱན་དག་གིས་རྒྱན་ནས་གླང་པོ་ཆེའི་བཞོན་པ་ལ་སྐྱོན་ཏེ། འཁོར་པལ་མོ་ཆེ་དང་ལྷན་ཅིག་ཁྲིད་པ་དེ་བཞིན་དུ
301b7 དལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ། ཆོས་དང་ལྡན་པ། དེ་བཞིན་གཤེགས་པས་ཀྱང་བདག་ཅག་ཀླུ་རྣམས་དྲད་འགྲོའི་སྐྱ་གནས་སུ་བསྡུས་པའི་ལུས་མ་སྣང་མ་ཉམས་ལ།། མཆོག་ཏུ་ཁྲོབ་དང་། ང་རྒྱལ་དང་། དྲེགས་པའི་དྲིམས
301b8 བསྒོས་པ། བདག་ཅག་ཀླུ་ཐམས་ཅད་རྒྱགས་པས་མྱོས་པ་མ་མཆིས་པའི་ཆོས་ཀྱིས་ཆུས་བཀྲུས་ལགས་སོ།། བདག་ཅག་ལ་ངོ་ཚ་ཤེས་པ་དང་། ཁྲལ་ཡོད་པའི་གོས་བསྐོན་ལགས་སོ།། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་གྱི
iiif viewer powered by OpenSeadragon
301a - 302a