e-texts navigator
Collection
Volume
Page
Wylie

301a1 ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། རི་ཟགས་ཀྱི་གནས་ཡུལ་འཁོར་དེ་ནད་ལྟར་དང་། མ་འོངས་པའི་དུས་སུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཚུལ་ཁྲིམས་དང་ལྡན་ཞིང་ཐོས་པ་བང་པོ་སྦྱིན་གནས་དེ་ལྟ་བུ་དག་གནས
301a2 ཤིང་མཆིས་པ་དེར་བདག་གི་འཁོར་གང་དག་ཀླུ་དང་། ཀླུ་མོ་དང་། ཀླུ་རྒན་པོ་དང་། ཀྵ་རྒན་མོ་དང་། ཀླུའི་བུ་པོ་དང་། ཀླུའི་བུ་མོ་དང་། ཀླུའི་འཁོར་པོ་དང་། ཀླུའི་འཁོར་མོ་སྒོ་ང་ལས་སྐྱེ་བ་དང་། མངལ་ལས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱ་བ་དང་།
301a3 རྫུས་ཏེ་སྐྱེ་བ་དག་དུས་མ་ལགས་པར་རྫི་ཆར་དང་། སེར་དྲག་དང་། ཆར་མོ་ཆེ་དང་། ཐན་ཆེན་དག་གཏོང་བར་བགྱིད་དམ། ལྷགས་མོ་ཆེ་དང་། ཤིན་དུ་ཚ་བ་དང་། ཉི་མས་གདུངས་པ་དགའབྱུང་བ་རབགྱིད་དམ། སེམས་ཅན་རྣམས་ཀྱི་ལོ་ཏོག
301a4 དང་། མེ་ཏོག་དང་། འབྲས་བུ་དང་། འབྲུ་དང་། སྨན་དང་། རོ་དང་། ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་དག་ཆབ་འཚལ་བར་བགྱིད་ན་ཀླུ་དེ་དག་གིས་བདག་བསླུས་པས་དེའི་ལུས་ཐམས་ཅད་འཁུམས་པར་གྱུར་ཅིག། དེ་དག་རྫུ་འཕྲུལ་དང་བྲལ་བ་ནས
301a5 འགྲོ་མི་ནུས་པར་གྱུར་ཅིག། རིམས་ནད་ཀྱིས་གདུངས་པར་གྱུར་ཅིག། ལོངས་སྤྱོད་ཐམས་ཅད་དང་བྲལ་བར་གྱུར་ཅིག། སྤོབས་པ་མེད་པར་གྱུར་ཅིག། དོན་བྱེད་མི་ནུས་པར་གྱུར་ཅིག་ཅེས་མནས་བསྒྲག་པར་བགྱིའོ།། ཏད་ཡ་ཐཱ། ཀརྦ་བཱ་ནྡེ།
301a6 ཀུམ་བྷ་རཀྵེ། བ་ར་མ་གུ་ཎེ། ཨ་ཀ་ལ་ཀྵེ། བེ་ཤ་ཎེ། བི་མཱརྒ་ཀྵེ་ཀུ་ན་བེ་རེ་ག། ཨ་ཏ་ས་ལེ། ན་ཡན་ཏུ་མ་བྷེ། ཀཱ་ལ་ཀུ་ཤེ། ནང་གུ་པྲ་བྷེ། གན་དྷ་ར་བ་སེ་སྭཱ་ཧཱ།། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་ལེགས་སོ་ཞེས་བགྱི་བསུལ་པ།
301a7 སོ།། དེ་ནས་ཀླུའི་རྒྱལ་པོ་མདྲོས་པ་ཞེས་བྱ་བ་ནས་སྔར་ཇི་སྐད་གསུངས་པའི་བར་དུའོ།། ཏད་ཡ་ཐཱ། ནབ་ཎྜཱི་ལེ། ནཔ་ན་མི་དྷི། ཨཱ་ནོ་ཀྵེ། ན་བ་ཀུན་ཛ་བྷ་ཤེ།། བག་པ་ལ། ས་ར་ཏྲན་ཊ། པཱ་བ་ཡ་སི་ལེ། ན་རཱ་ཡ་གུ་ཎེ། བི་ན་སྭ་ལེ།། ད་ཤ་ཀྲ་མ
301a8 ཨཀྵ་ད་ཉེ་ས། ཨཱ་ནིས་བ་སཱཿ།། ཀླུའི་རྒྱལ་པོ་ཆུ་ལྷ་ཞེས་བྱ་བ་ནས་སྔར་ཇི་སྐད་གསུངས་པའི་བར་དུའོ།། ཏད་ཡ་ཐཱ། ཧེ་མ་བེ་མེ། པ་ལེ་ཀྵི་ན་གུན། རུ་ཎབན་དུ་ཏྲི་ནེ། ཙ་རཀྵ་དྷ་ར། མགྷས་ཟ་མེ། བཱ་རུ་ནྱ་ཀ་ཤེ། དྲུ་མོད། མ་ཡེ




iiif viewer powered by OpenSeadragon

300b - 301b

Texts on this page