| | e-texts navigator
|
300b1 ལེགས་སོ། ། ལེགས་སོ། ཞེས་བྱ་བ་བྱིན་ནོ།། དེ་ཉིད་ཀྱི་ཚེ་ཐམས་ཅད་དང་ལྡན་པའི་ཀླུའི་འཁོར་རྣམས་ཤུགས་དྲག་པོར་འཁྲུགས་ཤིང་སྔངས་པར་གྱུར་ཏོ།། དེའི་ཚེ་ཀླུའི་རྒྱལ་པོ་དགའ་བོ་དང་། བསྟན་དགའ་བོ་གཉིས་སྟན་ལས་ལངས་ཏེ
300b2 བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་ད་ལྟར་དང་། མ་འོངས་པའི་དུས་སུ་རྒྱལ་རིགས་གདོལ་པ་དེ་དག་གཞན་ལ་སྦྱིན་པར་མ་དད་ཅིང་བདག་ཉིད་ལོངས
300b3 སྤྱོད་པར་འཚལ་ལ། འཇུངས་པ་ལོངས་སྤྱོད་ལ་སེམས་ཀུན་ཏུ་འཛིན་ཅིང་ལག་མི་རྐྱོང་བས་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲན་པ་དང་། འཕོངས་པ་དང་། འདྲོན་པོ་སློང་བ་རྣམས་ཀུན་ནས་ཚིམ་པར་མི་བགྱི་ལགས་སོ།། ཕོ་བྲང་འཁོར་བ་དང་།
300b4 ལྗོངས་ཀྱི་མི་དང་། འཁོར་རྣམས་ཡང་དག་པའི་བདེ་བས་ཚིམ་པར་མི་བགྱིད་ལགས་སོ།། རྒྱལ་རིགས་གདོལ་པ་དེ་དག་ལ་ཡུལ་ཕྱོགས་སྲུང་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། གྲུལ་བུམ་དང་། ཡི་དགས་མཐུ
300b5 བཻ་རྗེ་དེ་དག་ཐམས་ཅད་ཀྱང་ཁྲོས་པར་གྱུ་ཏེ། དེ་དག་གིས་ཡུལ་འཁོར་དུ་ཐབ་མོ་དང་། སོད་པ་དང་། རུག་དང་ན་དང་། ཕ་རོལ་གྱི་དམག་ཚོགས་དག་ཀུན་ཏུ་འབྱུང་བར་བགྱིད་ལགས་སོ།། འབྲ་དང་། སྨན་གྱི་རོ་རྣམས་མ་རུང་བར་རབགྱིད
300b6 ཀྱང་དེ་ན་ཀླུ་དང་། ཀླུ་ཆེན་པ་རྣམས་ལ་སྐྱོན་ནི་མ་མཆིས་ལགས་ཏེ། དེ་ན་ཀླུ་རྣམས་ཆུ་དེས་དཔགས་པ་མ་ལགས་པས་ནི་གོས་པར་འགྱུར་ལགས་སོ།། བཙུན་པ་བཅོམ་ལྡན་འདས་དཔེར་གྱི་ན་ཕྱིས་ས་ཁུང་གི་དྲི་མ་བདལ་བ་བསེར་མས་འཚལ
300b7 ནདྲི་མི་བར་འབར་འགྱུར་བ་དེ་བཞིན་དུ། བཙུན་པ་བཅོམ་ལྡན་འདས་རྒྱལ་རིགས་གདལ་པ་རྣམས་ཀྱིས་ཀྱང་ཡུལ་ཕྱོགས་ཐམས་ཅད་སྲུང་བ་དག་ཁྲོས་པར་གྱུར་ཏེ། ཡུལ་འཁོར་དེ་མ་རུང་བར་བགྱིད་ལགས་སོ།། ཀླུ་རྣམས་ཀྱང་གྲགས
300b8 པཔ་ལགས་པས་གོས་པར་འགྱུར་ལགས་སོ། ། །། བམ་པོ་གསུམ་པ་སྟ་ཐམ།། ཡང་ན་ཀླུ་ཐམས་ཅད་བདག་གི་བསླབ་པ་ལས་མི་འདའ་བར་བདག་གིས་ལུང་དབོག་པར་བགྱི་སྟེ། ཡུལ་འཁོར་གང་དང་གང་དག་ན་གོང་དང་གྲོང
iiif viewer powered by OpenSeadragon
300a - 301a