e-texts navigator
Collection
Volume
Page
Wylie

300a1 མཐོ་རིས་དང་། མྱ་ངན་ལས་འདས་པའི་བདེ་བ་ལ་བརྩོན་པ་ཡིན་ནོ།། གང་དག་རྒྱལ་རིགས་གདོལ་པ་རྒྱལ་རིགས་ཀྱི་བསླབས་པ་ལ་མི་གནས་པ་དེ་དག་ནི་སེམས་ཅན་མྱལ་བ་མནར་མེད་པའི་བར་ལ་གཞོལ་པ་ཡིན་ནོ།།
300a2 ཀླུའི་བདག་པོ་ད་རང་གི་འཁོར་བསླབ་པ་ལས་མི་འདའ་བར་བསྟན་པ་དེས་ན་དེ་དག་ད་ལྔར་གྱི་དུས་དང་། མ་འོངས་པའི་དུས་སུ་ངའི་བསྟན་པ་དང་། དཀོན་མཆོག་གསུམ་གྱི་གདུང་མེད་པར་མི་བྱེད་པར་འགྱུར་རོ།། གསོལ་པ། བཙུན་པ
300a3 བཅོམ་ལྡན་འདས་དེ་ལྟར་ལགས་སོ། ། བཙུན་པ་བདེ་བར་གཤེགས་པ་དེ་ལྟར་ལགས་སོ།། བཙུན་པ་བཅོམ་ལྡན་འདས་ཡུལ་འཁོར་གང་དང་གང་དག་ན་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། རི་བྲགས་ཀྱི་གནས་ཡུལ
300a4 འཁོར་དེ་ན་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཚུལ་ཁྲིམས་དང་ལྡན་ཞིང་ཐོས་པ་མང་པོ་སྦྱིན་གནས་དེ་ལྟ་བུ་དག་གནས་ཤིང་མཆིས་པ་དེར་བདག་གི་འཁོར་གང་དག་ཀླུ་དང་། ཀླུ་མོ་དང་། ཀླུ་རྒན་པོ་དང་། ཀླུ་རྒན་མོ་དང་། ཀླུའི་བུ་པོ་དང་། ཀླུའི
300a5 བུ་མོ་དང་། ཀླུའི་འཁོར་བ་དང་། ཀླུའི་འཁོར་མོ་རྣམས་དུས་མ་ལགས་པར་རྫི་ཆར་དང་། སེར་དྲག་དང་། ཆར་མཆ་དང་། ཐན་ཆེན་དག་གཏོང་བར་བགྱིད་དམ།། ལྤགས་མཆེ་དང་། ཤིན་དུ་ཚ་བ་དང་། ཉི་མས་གདུངས་པ་དག་འབྱུང་བར་བབྱེད།
300a6 དམ། སེམས་ཅན་རྣམས་ཀྱི་ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་དང་། འབྲུ་དང་། སྨན་གྱི་རོ་དང་། ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་དག་ཆབ་འཚལ་བར་བགྱིད་ན་ཀླུ་དེ་དག་གིས་བདག་བསླུས་པས་དེའི་ལུས་ཐམས་ཅད་འཁུམས་པར
300a7 གྱུར་ཅིག། དེ་དག་རྫུ་འཕྲུལ་དང་བྲལ་ནས་འགྲོ་མི་ནས་པར་གྱུར་ཅིག། རིམ་པན་ཀྱིས་གདུངས་པར་གྱུར་ཅིག། འངས་སྤྱོད་ཐམས་ཅད་དང་བྲལ་བར་གྱུར་ཅིག། སྤོབས་པ་མེ་པར་གྱུར་ཅོག། དན་བྱེད་པ་ནུས་པར་བྱར་ཅིགཅས་པནམ
300a8 བསྒྲག་པར་བཀྱེ་། ཏད་ཡཊྚ། ནཱ་ག་ཛན་དུ་ཤེ། རཱ་གདྷ་ར་གཱ་གྲཱ་གྷ་གྷཱ། ཛ་ལ་སྲཱ་ཐཱ། ཨ་བི་མཱ་གེ། ས་ཏ་མྲ་མུ་ལེ།། ཀ་ལ་ཏི་མ་བུ་སེནག་སྟ་མ་བྷ་རེ། ཛ་ཡབ་པ་ལེ། བི་མུ་ག་ཀྲེ་སྭཱ་ཧཱ།། ཐམས་ཅད་དང་ལྡན་པའི་ལཁོར་གྱིས་ཉིད




iiif viewer powered by OpenSeadragon

299b - 300b

Texts on this page