e-texts navigator
Collection
Volume
Page
Wylie

299b1 གོས་ངུར་སྨྲིག་འདི་ནི་སེམས་ཅན་རྣམས་ལ་ཆོས་ཀྱི་ཆར་དབབ་པའི་དོན་གྱི་སླད་དུ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ལགས་སོ། ། བཙུན་པ་བཅོམ་ལྡན་འདས་འདི་ལྟར་གང་དག་རྒྱལ་རིགས་གདོལ་པ་དེ་དག་ནི། བཅོམ
299b2 ལྡན་འདས་ཀྱི་བསྟན་པར་འཇིག་པར་བགྱིད་ཅིང་དགེ་སློང་དག་ལ་འཐོ་འཚམ་པར་བགྱིད་པ་ནས། བཅོམ་ལྡན་འདས་ཀྱི་སླད་དུ་རབ་ཏུ་བྱུང་བ་སྣོད་དུ་གྱུར་པ་དང་། སྡོད་དུ་མ་གྱུར་པའི་ལུས་ལ་གནོད་པ་བགྱིད་པ་དང་། ནོར་འཕྲོག་པ་དང་། སྲོག
299b3 གི་བར་ཆད་དག་བགྱིད་པའི་བར་དུའོ། ། ཡུལ་འཁོར་དེར་གང་དག་སངས་རྒྱས་ལ་དད་པའི་ལྷ་དང་། ཁྲུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། གྲུལ་བུམ་དང་། ཡི་དགས་མཐུ་བོ་ཆེ་དེ་དག་ཐམས་ཅད་ཀྱང་རྒྱལ་རིགས་གརོལ་པ
299b4 ལས། ཤེ་བར་འགྱུར་ཏེ། དེ་དག་གིས་དེའི་ཡུལ་འཁོར་དུ་འཐབ་མོ་དང་། རྩོད་པ་དང་། ལོ་ཉེས་དང་། ནད་དང་། ཕ་རོལ་གྱི་དམག་ཚོགས་དག་འགྱུང་བར་བགྱིད་ལགས། དུས་མ་ལགས་པའི་ཆར་མོ་ཆེ་དང་། ཐ་ན་ཆེན་དང་། ལྷགས་པ་དང་། ཚ་བ་དང་།
299b5 རླུང་དང་། ཉི་མས་གདུངས་བདག་གིས་ས་བོན་དང་། མྱུ་གུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་། འབྲུ་དང་། སྨན་དང་། རོ་རྣམས་མ་རུང་བར་བགྱིད་ཀྱང་དེ་ན་ཀླུ་རྣམས་ལ་སྐྱོན་ནི་མ་མཆིས་ལགས་ཏེ།། དེ་ན་ཀླུ་རྣམས་རྨྱངས་ན་གྲགྶ།
299b6 པ་མ་ལགས་པས་ནི་གོས་པར་འགྱུར་ལགས་སོ།། བཙུན་པ་བཅོམ་ལྡན་འདས་དཔེར་བགྱི་ན་ཡུལ་གྱི་བུད་མེད་བཟང་མོས་ཟས་ངན་པ་འཚལ་ནས་དེ་དབུགས་དྲི་མི་གདའ་བར་འགྱུར་ལགས་སོ།། དེ་བཞིན་དུ་རྒྱལ་རིགས་གདོལ་པས
299b7 ཀྱང་རྒྱལ་རིགས་ཀྱི་ཆོས་རྣམས་སྤངས་ནས་དམངས་རིགས་ཀྱི་ཆོས་རྣམས་སྤྱོད་པར་བགྱི་ན་ཡུལ་ཕྱོགས་ཐམས་ཅད་སྲུང་བའི་ལྷ་ནས་ཡི་དགས་མཐུ་བོ་ཆེ་དག་གིས་བར་དུ་ཁྲོས་པར་འགྱུར་ཏེ། ། དེ་དག་གིས་ཡུལ་འཁོར་མ་རུང་བར
299b8 བགྱིད་ལ། ཀླུ་དང་ཀླ་ཆེན་པོ་རྣམས་གྲགས་པ་མ་ལགས་པས་ཀྱང་གོས་པར་འགྱུར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཀླུའི་བདག་པོ་རྒྱལ་པོ་རྣམས་རྒྱལ་པོའི་བསླབ་པའི་གཞི་གནས་པར་བསྟན་པ་དེ་དང་དེ་དག




iiif viewer powered by OpenSeadragon

299a - 300a

Texts on this page