| | e-texts navigator
|
298b1 སླད་དུ་འཁོར་དེར་མཆིས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་སྙིང་པོ་ཀླུའི་དྲང་སྲོང་ལ་ལེགས་སོ་ཞེས་བགྱི་བ་སྩལ་ཏོ། ། དེའི་ཚེ་ཀླུའི་རྒྱལ་པོ་ཤིན་ཏུ་རབ་གནས་སྟན་ལས་ལངས་ཏེ།། བཅོམ་ལྡན་འདས་གལ
298b2 བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་བདག་ལ་རྟེན་པའི་ཀླུ་དང་། ཀླུའི་རྒྱལ་པོ་གང་དག་སྒོ་ང་ལས་སྐྱེས་པ་དང་། མངལ་ནས་སྐྱེས་པ་དང་། དྲོད་དང་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ
298b3 པའི་ཀླུ་དེ་དག་གང་ན་བཅོམ་ལྡན་འདས་ཀྱིས་འཁོར་ཉན་ཐོས་རྣམས་དང་། འཁོར་བྱང་ཆུབ་སེམས་དཔའ་དེ་དག་ལ་ཕན་ཚུན་བྱམས་པའི་སེམས་དང་ལྡན་པ་དང་། ཡུལ་འཁོར་དེར་ཤ་ཁོ་ན་མ་མཆིས་པའི་སེམས་ཀྱིས་གནས་པར་འགྱུར་ལགས
298b4 སོ། ། གནོད་སེམས་མ་མཆིས་པ་དང་། སེམས་མཉམ་པས་གནས་པར་འགྱུར་ལགས་སོ།། གང་དག་ཡུལ་འཁོར་དེའི་རྒྱལ་པོ་དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་སེམས་ཤིན་དུ་དད་པར་འགྱུར་ལགས་སོ།། དེ་དག་བཅོམ་ལྡན་འདས
298b5 ཀྱི་བསྟན་པ་ཡང་འཛིན་པར་འགྱུར་ལགས་སོ། ། དབང་ཕྱུག་གི་རྒྱགས་པ་དང་དྲེགས་པས་བཅོམ་ལྡན་འདས་ཀྱིས་བསྟན་པ་འཇིག་པར་མི་འགྱུར་ལགས་སོ།། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་ལ་འཚེ་བར་མི
298b6 འགྱུར་ལགས་སོ། ། བཙུན་པ་བཅོམ་ལྡན་འདས་ཀྱི་སླད་དུ་རབ་ཏུ་བྱུང་ནས་སྐྲ་བྲེགས་ཏེ། གོས་ངུར་སྨྲིག་བགོས་པ་སྣོད་དུ་གྱུར་པ་དང་། སྣོད་དུ་མ་གྱུར་པ་ལྷག་པའི་བསམ་པ་ཅན་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་སྟོན་པ་འཛིན་པར་བགྱིད་ལགསོ།།
298b7 གཞན་ཡང་ཡུལ་འཁོར་དེ་ན་གང་དག་མི་རྣམས་བཅོམ་ལྡན་འདས་ཀྱི་བསྟན་པ་དེའི་ཚེར་མར་གྱུར་པ་དེ་དག་ཆོས་དང་ལྡན་པས་སྐྲོད་པར་བགྱིད་ལགས་སོ།། དེ་ནས་ཡུལ་འཁོར་དེར་དགེ་སྦྱོང་དང་། བྲམ་ཟེ་བསོད་སྙོམས་པ་རྣམས་ལ་སྔོན་གྱི
298b8 རྒྱལ་པོ་དག་གིས་སྔོན་ལྷག་པའི་བསམ་པས་སྦྱིན་པ་ཕུལ་བ་རྣམས་རྒྱལ་རིགས་དགེ་བས་འཕྲོག་པར་མི་བགྱིད་ལ། ། རྒྱལ་རིགས་དགེ་བ་བློན་པོ་དང་། མདུན་ནས་འདོན་དང་། སྐྱེ་བོ་དམག་མི་རྣམས་དང་བཅས་པས་ཚོགས་སྦྱོར་བ་ནི་དོན་ཆེན་ལ
iiif viewer powered by OpenSeadragon
298a - 299a