e-texts navigator
Collection
Volume
Page
Wylie

298a1 སྟེ། ཤིན་ཏུ་གནས་པར་གྱུར་ལགས་སོ།། དེའི་འོག་ཏུ་ཡང་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སྙེད་འཚོ་ཞིང་གཞེས་པ་འཁོར་ཚོགས་པ་དང་བཅས་པའི་སྤྱན་སྔར་སྨོན་ལམ་བརྟན་པོ
298a2 འདི་ལྟ་བུ་དག་བཏབ་སྟེ། ། བདག་གིས་དེར་རྟག་པར་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་ཕ་རོལ་གནོན་པའི་བརྩོན་འགྲུས་ཆེན་པོས་ཤིན་ཏུ་བརྟན་པར་གནས་པར་བགྱིའོ།། ཞེས་བརྩོན་པར་བགྱིས་ལགས་སོ།། ད་ལྟར་བཅོམ་ལྡན་འདས
298a3 ཀྱི་སྤྱན་སྔར་ཡང་ཀླུ་ཁྲོ་བོ་རྣམས་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་རྩོལ་བ་བརྟན་པ་བགྱིས་ལ། བདག་གིས་དེ་ལྟ་བུའི་བརྩོལ་བ་བརྟན་པོས་བརྩོན་འགྲུས་བརྩམས་པ་ནི་བསྐལ་པ་གྲངས་མ་མཆིས་པར་སྐད་ཅིག་ཙམ་ཡང་གཏད་མ་མྱོང་ལགས་སོ།།
298a4 བདག་གིས་རྟག་པར་ཕ་རོལ་གནོན་པའི་རྩོལ་བ་དང་། བརྩོན་པ་བརྟན་པོས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་ལགས་པ་རྣམས་ཀྱང་ཡང་ཡོངས་སུ་སྨིན་པར་བགྱི་ལགསོ།། གཞན་ཡང་བདག་གིས་ཀླུའི་དབང་པོ་དག་ཐེག་པ་ཆེན་པོའི་སྤྱོད་པ
298a5 ལ་བརྩོན་པར་བགྱིས་ལགས་ཏེ། ཀླུ་གླང་པོ་ཆེ་རྣམས་ཀྱི་བདག་པོ་ཀླུའི་རྒྱལ་པོ་ཤིན་ཏུ་རབ་གནས་འདི་དང་། ཀླུ་སྦྲུལ་རྣམས་ཀྱི་བདག་པོ་ཀླུའི་རྒྱལ་པོ་དགའ་བོ་དང་། བསྙེན་དགའ་བོ་འདི་གཉིས་དང་། ཀླུརྟ་རྣམས་ཀྱི་བདག་པོ་ཀླུའི་རྒྱལ་པོ་མི་དྲས
298a6 པ་འདི་དང་། ཀླུ་ཉ་རྣམས་ཀྱི་བདག་པོ་ཀླུའི་རྒྱལ་པོ་ཆུ་ལྷ་དང་། ཀླུ་སྦལ་པ་རྣམས་ཀྱི་བདག་པོ་ཀླུའི་རྒྱལ་པོ་ཡིད་བཟང་འདི་རྣམས་ཏེ། ཀླུ་དེ་ལྟ་བུ་དག་ནི་སེམས་ཅན་རྣམས་ལ་གནོད་པ་བགྱིད་པར་རྔོ་ཐོག་པ་དག་གོ། ཀླུའི་རྒྱལ་པོ་གཞན་དག་དེ་ལྟ
298a7 བུ་དེ་དག་ཀྱང་རང་རང་གི་མཐུས་སེམས་ཅན་རྣམས་ལ་དེ་ལྟ་བུར་གནོད་པ་བགྱིད་པར་རྔོ་ཐོག་པ་དག་གོ། འདི་ལྟར་ཐེག་པ་ཆེན་པོ་ལ་རབ་ཏུ་ཞུགས་པའི་རྒྱལ་པོ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་ཀྱང་སོ་སོར་ང་རང་གི་འཁོར་དང་། དཔུང་གི་ཚོགས
298a8 རྣམས་དུས་མ་ལགས་པར་དེ་ལྟ་བུར་ཡང་བསྒྲུབས་པར་རང་རང་གི་འཁོར་རྣམས་བསྐྱོད་པར་བགྱིད་ལགས་སོ། ། འདི་ལྟར་འདིར་བཅོམ་ལྡན་འདས་ཀྱི་བསྟན་པ་ཆོས་སྒྲོན་མ་དང་། དཀོན་མཆོག་གསུམ་གྱི་གདུང་མྱུར་དུ་མི་འཆད་པར་བགྱི་བའི




iiif viewer powered by OpenSeadragon

297b - 298b

Texts on this page